དགེ་རྒན་བསྡུ་བའི་བརྡ་སྦྱོར།

ལས་བསྡུའི་ཆ་རྐྱེན།

1.ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞི་དང་དེའི་ཡན་གྱི་བསླབ་གནས་ལྡན་པའི་ད་ལོའི་མཐར་ཕྱིན་སློབ་མ་དང་སྐབས་སྔོན་མའི་མཐར་ཕྱིན་སློབ་མ་ཡིན་དགོས།

2.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་བྱེད་པ་དང་།  ཆབ་སྲིད་ཀྱི་བྱ་སྤྱོད་ཅུང་ལེགས་པོ་ལྡན་དགོས།

3.སློབ་གསོའི་ལས་དོན་ལ་དགའ་ཞིང་དགེ་རྒན་གྱི་བྱ་སྤྱོད་ལེགས་པོ་ལྡན་དགོས།

4.ལུང་ཕུང་བདེ་ཐང་ཡིན་དགོས།

5.དངོས་གཞིའི་བསླབ་གནས་ལྡན་པའི་རྒྱུགས་ཞུགས་པ་ལོ30མན་ཡིན་དགོས། (1988ལོའི་ཟླ་དང་པོའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ།)ཞིབ་འཇུག་སློབ་མའི་བསླབ་གནས་ལྡན་པའི་རྒྱུགས་ཞུགས་པ་ལོ35མན་ཡིན་དགོས། (1983ལོའི་ཟླ་དང་པོའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ།)

6.རྒྱལ་ཕྱི་ནས་བསླབ་གནས་བླངས་པའི་རྒྱུགས་ཞུགས་པས་མིང་ཐོ་འགོད་སྐབས་སློབ་གསོ་པུའུ་ཀྲུང་གོ་ཕྱི་སྡོད་སློབ་མའི་ཞབས་ཞུ་ལྟེ་གནས་ཀྱི་རྒྱལ་ཕྱིའི་བསླབ་གནས་བདེན་དཔང་རྒྱུ་ཆ་ངེས་པར་དུ་འདོན་སྤྲོད་བྱ་དགོས།

ལས་བསྡུའི་གོ་རིམ། 

 ཐེངས་འདིའི་ལས་བསྡུའི་བྱ་བ་རྫོང་ལས་བསྡུ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཅིག་བསྡུས་འགོ་ཁྲིད་འོག   རྫོང་ལས་བསྡུ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་རྩ་འཛུགས་ལག་བསྟར་བྱ་རྒྱུ།   སྤྱི་བསྒྲགས་བྱས་པའི་ལས་བསྡུའི་བརྡ་སྦྱོར་དང་མིང་ཐོ་འགོད་པ།  ཐོབ་ཐང་ཞིབ་བཤེར་བྱེད་པ། རྒྱུགས་ལེན་པ། (ཡིག་རྒྱུགས་དང་ཁ་རྒྱུགས) ལུས་ཕུང་བརྟག་དཔྱད།  ཐོབ་ཐང་བསྐྱར་ཞིབ། སྤྱི་བསྒྲགས་བཅས་ལས་བསྡུའི་གོ་རིམ་ལྟར་སྤེལ་རྒྱུ་ཡིན་པ།

མིང་ཐོ་འགོད་པའི་དུས་ཚོད།  2018ལོའི་ཟླ9པའི་ཚེས15ཉིན་ནས་ཟླ9པའི་ཚེས21ཉིན། (08:30—12:00,14:30—18:00)

མིང་ཐོ་འགོད་ས།  རྨ་ཆུ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་གཅིག་ཐོག་གི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ །(人社局窗口)

མིང་ཐོ་འགོད་སྟངས།  ལས་བསྡུའི་ཆ་རྐྱེན་དང་མཐུན་པའི་རྒྱུགས་ཞུགས་པ་དག་གིས《རྨ་ཆུ་རྫོང་གིས་སྤྱི་བསྒྲགས་བྱས་པའི་སློབ་འབྲིང་དང་མཐོ་འབྲིང་དགེ་རྒན་བསྡུ་བའི་མིང་ཐོ་འགོད་སའི་རེའུ་མིག》དོན་དངོས་ལྟར་བསྐང་དགོས།  མིང་ཐོ་འགོད་སྐབས་མཐར་ཕྱིན་འཛིན་ཡིག་དང་མིང་ཐོ་འགོད་པའི་དཔང་ཡིག(择业证)  དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག སྤྱི་སྐད་ཚད་གཞིའི་དཔང་ཡིག ཐོབ་ཐང་ལག་ཁྱེར། ཁྱིམ་ཐོ།  ཁྱིམ་ཐོ་ཡོད་སའི་ས་གནས་ནས་ཉེས་བསགས་ཟིན་ཐོ་མེད་པའི་བདེན་དཔང་ཡི་གེ་སོགས་དཔང་ཡིག་དངོས་མ་དང་བསྐྱར་དཔར་རེ་རེ་དགོས།

ཐེངས་འདིའི་ལས་བསྡུའི་རྒྱུགས་གཞིར་གྲོན་དངུལ་གཅིག་ཀྱང་མི་ལེན།

རྒྱུགས་ཞུགས་པ་དག་གིས་ཐོབ་ཐང་ལག་ཁྱེར། ཁྱིམ་ཐོ།  མཐར་ཕྱིན་འཛིན་ཡིག མིང་ཐོ་འགོད་པའི་དཔང་ཡིག(择业证)  དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་སོགས་ཀྱི་དཔང་ཡིག་རྒྱུ་ཆ་དངོས་མ་ཁྱེར་ནས་ཐོབ་ཐང་ཞིབ་བཤེར་བྱ་དགོས།   རྒྱུགས་ཞུགས་པ་ཚང་མ་ཐོབ་ཐང་ཞིབ་བཤེར་ཚད་ལོངས་རྗེས་རྒྱུགས་གཞི་བཀོད་སྒྲིག་བྱ་རྒྱུ།   ཐོབ་ཐང་ཞིབ་བཤེར་བྱ་བ་རྫོང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ། རྫོང་སློབ་གསོ་ཅུའུ།  རྫོང་སྤྱི་བདེ་ཅུའུ་ཡི་ལྟ་སྐུལ་འོག་ཞིབ་བཤེར་བྱ་རྒྱུ།

རྒྱུགས་ལེན་སྟངས།

(1)ཡིག་རྒྱུགས།  ཆེད་ལས་ཤེས་བྱའི་རྒྱུགས་གཞི་གཅིག་གྱུར་གྱིས་ལེན་རྒྱུ།

(2)ཡིག་རྒྱུགས་ལེན་པའི་དུས་ཚོད།     2018ལོའི་ཟླ9པའི་ཚེས26།(གཟའ་ལྷག་པ།)09:00—11:00

(3)ཡིག་རྒྱུགས་ལེན་ས།  རྨ་ཆུ་རྫོང་།(ཞིབ་ཕྲའི་ས་གནས་རྒྱུགས་སྤྲོད་དཔང་ཡིག་སྟེང་གི་ས་གནས་ཡིན།)

(4)རྒྱུགས་སྤྲོད་དཔང་ཡིག་ལེན་པའི་དུས་ཚོད་དང་ས་གནས།   2018ལོའི་ཟླ9པའི་ཚེས25ཉིན་གྱི (གཟའ་མིག་དམར།)དུས་ཚོད09:00—19:00  བར་རྨ་ཆུ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་གཅིག་ཐོག་གི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་ནས་ལེན་དགོས།(人社局窗口)

(5)ལས་གནས་སོ་སོར་མིང་ཐོ་བཀོད་པའི་མི་གྲངས་ཀྱི་བསྡུར་ཚད་ངེས་པར་དུ1:3ལོན་དགོས།  གལ་ཏེ་བསྡུར་ཚད་དང་མ་ལོན་ཚེ་ལས་གནས་མེད་པར་བཟོ་རྒྱུ་གཏན་འཁེལ་བྱས་ཡོད།

(6)ཡིག་རྒྱུགས་སྐར་འབྲས་ཉིན5ལ་སྤྱི་བསྒྲགས་བྱ་རྒྱུ།

ཁ་རྒྱུགས།  

སྐད་གཉིས་དགེ་རྒན་གྱི་ལས་གནས་ལ་རྒྱུགས་སྤྲད་པའི་རྒྱུགས་ཞུགས་སློབ་མས་ངེས་པར་དུ་བོད་སྐད(ཨ་མདོའི་སྐད)ཀྱིས་ཁ་རྒྱུགས(ཚོད་ལྟའི་སློབ་ཁྲིད)ལེན་དགོས། བོད་སྐད་མ་ཤེས་ཚེ་ཡིག་རྒྱུགས་ལེན་མི་ཆོག

ཁ་རྒྱུགས(ཚོད་ལྟའི་སློབ་ཁྲིད)ལེན་པའི་དུས་ཚོད་དང་ས་གནས།  རྨ་ཆུ་རྫོང་། (ཞིབ་ཕྲའི་ས་གནས་དང་དུས་ཚོད་ཁ་རྒྱུགས་བརྡ་ཐོ་ལྟར་ཡིན།)

བློ་འདྲི་ས། 

རྨ་ཆུ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་འཇོན་མི་བརྗེ་རེས་གཞུང་སྒྲུབ་ཁང་།  0941-6121055

རྨ་ཆུ་རྫོང་སློབ་གསོ་ཅུའུ་མི་དོན་ཁང་།  0941-6124865

འབྲེག་གཏུགས་མི་སྣ། ཧོང་ཨའེ་ཏུང་།(黄爱东)13893952525

རིག་འཛིན་འཚོ།  (རྨ་ཆུ་རྫོང་སློབ་གསོ་ཅུའུ)15352272301

རྨ་ཆུ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ།  རྨ་ཆུ་རྫོང་སློབ་གསོ་ཅུའུ།

2018ལོའི་ཟླ9པའི་ཚེས8ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།