“འགྱིག་ཤོག་གི་སྦག་བཙོག”གཏན་འགོག་དང་བཅོས་སྐྱོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་ལྷོ་མང་རྫོང་གིས“འགྱིག་ཤོག་གི་སྦག་བཙོག”གཏན་འགོག་དང་བཅོས་སྐྱོང་བྱེད་པའི་གྲོས་ཚོགས་བསྡུས་ཤིང་། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ལས་ཁུངས་སོ་སོ། ཞིང་ཆེན་དང་ཁུལ་གྱི་གནས་སྡོད་ལས་ཁུངས་སོ་སོའི་འགན་འཁུར་མི་སྣ། ཁེ་ལས་འཐུས་ཚབ་དང་མི་སྒེར་ཚོང་པའི་འཐུས་ཚབ་པ་བཅས་མི་གྲངས60ལྷག་གྲོས་ཚོགས་ལ་ཞུགས་ཡོད། ཤང་དང་གྲོང་བརྡལ་དག་གིས་བརྙན་ཡོལ་གཟུགས་རིས་ཀྱི་རྣམ་པ་བརྒྱུད་གྲོས་ཚོགས་ལ་ཞུགས་ཡོད།

སྐུལ་སློང་གྲོས་ཚོགས་སྟེང་། མཚོ་ལྷོ་མང་རྫོང་གི་རྫོང་དཔོན་གཞོན་པ་ལིས་དབྱི་ཆིང་གིས་བཅོས་སྐྱོང་བྱ་བའི་ཐད་ལ་བླང་བྱ་བཏོན་པ་དང་། རྫོང་མཁར་གྱི་ཁོར་ཡུག་བཅོས་སྐྱོང་བྱ་བར་ཟུང་འབྲེལ་བྱས་ཏེ་གཅིག་བསྡུས་སྒོས་འབུར་དུ་ཐོན་པར་བྱེད་པ་དང“འགྱིག་ཤོག་གི་སྦག་བཙོག”བཅོས་སྐྱོང་བྱ་བ་དེ་ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་མཁར་གྱི་ཞིབ་བཤེར་བྱ་བ་དང་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་ལས་ཁུངས་དག་གིས་ཇུས་གཞིའི་དུས་ཚོད་དམ་འཛིན་བྱ་བར་ཟུང་འབྲེལ་བྱས་ཏེ། ལས་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་སྒོས་འཁོར་སྐྱོད་རིམ་བཞིན་བཏང་ནས་བྱ་བ་སྒྲུབ་སྐབས་ཞིབ་ཚགས་དང་ནན་ཏན་གྱིས་སྐད་ཅིག་མ་ལྟ་བུ་དང་ཡུན་ཐུང་ཙམ་བྱ་མི་ཆོག་པར་རྒྱུན་འཁྱོངས་བྱ་དགོས་ཟེར། ཤང་དང་གྲོང་བརྡལ་སོ་སོའི་འབྲེལ་ཡོད་ལས་ཁུངས་སོ་སོའི་བཅོས་སྐྱོང་བྱ་བ་དང་རོང་འབྲོག་ས་ཁུལ་གྱི་སྣ་འཛོམས་ཁོར་ཡུག་བཅོས་སྐྱོང་བྱ་བར་ལེགས་སྒྲིག་གིས། མཛེས་སྡུག་གི་ཤང་གྲོང་འཛུགས་བསྐྲུན་དང་ཤང་སྡེའི་ཤེས་ཡོན་འཛུགས་བསྐྲུན་བྱ་བར་ཟུང་འབྲེལ་དམ་པོ་བྱས་ཏེ་ཡོངས་ཁྱབ་ཀྱིས་འཆར་འགོད་བྱེད་པ་དང་གཅིག་གྱུར་ལ་སྐུལ་འདེད་བྱེད་པ། རོང་འབྲོག་ས་ཁུལ་གྱིས“འགྱིག་ཤོག་གི་སྦག་བཙོག”གི་སྣང་ཚུལ་ལ་མངོན་གསལ་གྱིས་བཅོས་སྒྱུར་བྱེད་པར་འགན་བཅོལ་ཁག་ཐེག་བྱས་ཏེ་ཤང་དང་གྲོང་བརྡལ་སོ་སོའི་ལས་ཁུངས་སོ་སོའི་འགན་འཁུར་མི་སྣ་དག་གིས་འགན་ཁུར་རྩིས་ཐོར་ཞིབ་བཤེར་བྱེད་པ་བརྒྱུད་རིགས་སོ་སོའི་བྱ་བ་དེ་མགྱོགས་མྱུར་སྒོས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བྱེད་པ་དང་ལས་ཁུངས་གཞན་དག་གིས་བྱ་བ་དེར་རམ་འདེགས་བྱས་ནས་ཐུན་མོང་སྒོས་བཅོས་སྐྱོང་བྱ་བར་སྐུལ་འདེད་ངེས་ཅན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།