མཚོ་ནུབ་ཁུལ་གྱིས་དཔལ་འབྱོར་གྱི་འཕར་སྣོན་ལ“འགན་སྲུང་ཁག་ཐེག་བྱས་པ། ”

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལོ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་འགན་བཅོལ་བྱེད་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གཅིག་བསྡུས་ཀྱི་སྟོབས་ཤུགས་བཏོན་ནས། 《མཚོ་ནུབ་ཁུལ་གྱི2018ལོའི་ལོ་སྨད་ཀྱི་བཟོ་ལས་མ་རྩའི་གཏན་འཇགས་འཕར་སྣོན་ལ་སྐུལ་འདེད་བྱེད་པའི་ལག་བསྟར་བསམ་འཆར》ཞེས་པ་པར་བསྐྲུན་འགྲེམས་སྤེལ་བྱས་ཏེ་རིམ་པ་མི་འདྲ་བའི་སྲིད་ཇུས་འདྲ་མིན་སྣ་ཚོགས་ལག་བསྟར་གྱིས་དཔལ་འབྱོར་གྱི་ཁེ་ལས་བརྟན་འཇགས་ཕར་འཕར་བའི་ཚད་ཤུགས་ཀྱིས་མཐོར་འདེགས་སུ་བཏང་།

མཚོ་ནུབ་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་དང་ས་ཁུལ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མིག་སྔའི་དམིགས་ཚད་ཡོངས་འགྲུབ་གནས་ཚུལ་གྱི་བྱེད་ཐབས་གཞིར་བཟུང་ནས་ལས་མིར་སྐུལ་སློང་དང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་འགན་ཁུར་དང་དུ་ལེན་ཕོད་པ་ནས་དོན་དངོས་སྒྲུབ་པར་དཀའ་བ་སྤྱོད་ཐུབ་པ། ཁྱོན་ཡོངས་ནས་ལོ་ཧྲིལ་པོའི་ལས་གཞི་སོ་སོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་པར་ཧུར་བརྩོན་བྱེད་པར་འགན་བཅོལ་བྱ་དགོས། 《མཚོ་ནུབ་ཁུལ་གྱིས2018ལོའི་ལོ་སྨད་ཀྱི་བཟོ་ལས་མ་དངུལ་གཏོང་འཇོག་སྐུལ་འདེད་བརྟན་འཇགས་ཀྱིས་འཕར་སྣོན་བྱེད་པར་སྐུལ་འདེད་བྱེད་པའི་ལག་བསྟར་བསམ་འཆར》ཞེས་པ་པར་འདེབས་བྱས་ཤིང་། དེ་ཡང་ཕྱོགས་མི་འདྲ་བ8ཀྱི་ཐད་ནས་བྱེ་བྲག་གི་བྱེད་ཐབས་མི་འདྲ་བ18བཏོན་ཡོད་ལ། ཁེ་ལས་གཏན་འཇགས་འཕར་སྣོན་ཡོང་བར་སྐུལ་འདེད་དང་ཁེ་ལས་ལ་སྐུལ་འདེད་བྱེད་པའི་མ་དངུལ་འཇོག་པའི་ཚད་གཞི་ཆེས་ཆེར་གཏོང་བ། ཁེ་ལས་ཀྱི་དངུལ་རྩའི་དཀའ་ཁག་གསེད་བཀྲོལ་བྱེད་པ། ཁེ་ལས་ཀྱི་གོང་འོག་ལ་མཐུད་སྦྲེལ་བྱེད་པ། བཟོ་ལས་ཀྱི་དམིགས་ཚད་ཞིབ་བཤེར་ནུས་ཤུགས་ཆེས་ཆེར་གཏོང་བ། ལོ་སྟོད་ཀྱི་སྤྱིར་བཏང་གི་བཟོ་ལས་ཐད་ལ་མ་རྩ་འཇོག་པའི་ཚད་གཞི་མར་འགྲིབ་པའི་མི་ལེགས་པའི་ཆ་ལ་གང་ནུས་ཀྱིས་བཅོས་སྒྱུར་བྱས་ཏེ་བཟོ་ལས་དཔལ་འབྱོར་གྱི་འཕར་ཚད་ལ་བརྟན་སྲུང་བྱས་ཡོད། དེའི་ཁྲོད་བྱེད་ཐབས་རིགས་མི་འདྲ་བ14དང་ཁུལ་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱི་སྤྱིའི་ཁ་གྲངས་བརྒྱ་ཆའི44ལ་སླེབས་པ་དང་སྔོན་རྩིས་མ་དངུལ་གཏོང་བའི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར2ཡིན་ལ། བཟོ་ལས་ཀྱི་འཕར་སྣོན་རིན་ཐང་དེ་སྒོར་དུང་ཕྱུར20ནས་སྤྱིར་བཏང་གི་བཟོ་ལས་ཐད་ཀྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར170ཡིན། དེ་དང་ཆབས་ཅིག་མཁོ་སྤྲོད་རང་བཞིན་གྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་བྱེད་པར་སྐུལ་འདེད་བྱས་ཏེ་དཔལ་འབྱོར་བརྟན་འཇགས་འཕར་སྣོན་བྱུང་བར་སྐུལ་འདེད་བྱས་ཏེ་བྱེད་ནུས་ལྡན་པའི་སྒོ་ནས་མ་དངུལ་གཏོང་བའི་ཚད་རྒྱ་བསྐྱེད་ནས་བཟོ་ལས་དང་ཁེ་ལས་ཐད་ཀྱི་ཐོན་སྐྱེད་ནུས་པར་འབྲེལ་བ་ཡོད་པའི་ཁེ་ལས་གློག་བེད་དང་དབུགས་བརྟེན་ཁ་གསབ་ཀྱིས་ཁེ་ལས་ཀྱི་ལག་རྩལ་བཅོས་སྒྱུར་བྱས་ཏེ་སྤྱི་ཚོགས་ཀྱི་གཏན་འཇགས་མ་དངུལ་གཏོང་བ་སོགས་ལ་སྔོན་དཔག་ཚོད་རྩིས་ཀྱི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར2ཡིན་ལ། དེས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་མ་དངུལ་གཏོང་འཇོག་བྱེད་པའི་ཚད་སྒོར་དུང་ཕྱུར130ལ་སླེབས་ཡོད།

མཚོ་ནུབ་ཁུལ་གྱི2018ལོའི་བརྟན་འཇགས་མ་དངུལ་གཏོང་བའི་ས་ཁུལ་དང་ལས་གཞི་ལས་ཆེན་གྱི་དམིགས་འབེན་འགན་འཁྲི་ཅན་གྱི་ཁུལ་རིམ་པའི་འགོ་ཁྲིད་མཐུད་སྦྲེལ་བྱ་བའི་འཆར་གཞི་གཏན་ལ་ཕབ་ནས་འགོ་ཁྲིད་ཀྱི་ཟུང་འབྲེལ་ཁེ་ལས་ཞབས་ཞུའི་སྒྲིག་གཞི་འཐུས་ཚང་དུ་བཏང་ཞིང་། ཁེ་ལས་བེད་སྤྱོད་དེ་དམངས་ཕན་སྲིད་ཇུས་ལ་ཟུང་འབྲེལ་གྱིས་ཁེ་ལས་ཀྱི་གཞི་རྒྱུའི་མཁོ་སྤྲོད་སྙོམས་སྒྲིག་དང་ཐོན་སྐྱེད་ཚོང་གཉེར་ཁྲོད་ཀྱི་དཀའ་ཁག་ཆེ་བའི་གནད་དོན་གཙང་སེལ་བྱས་ཏེ་ཁེ་ལས་མགྱོགས་མྱུར་སྒོས་མ་རྩ་དམའ་བ་ནས་ཡོང་འབབ་མཐོ་བའི་འཕར་སྣོན་གྱི་ཚད་གཞི་ལ་སྐུལ་འདེད་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།