རྨ་འབྲི་རྫ་གསུམ་འགོ་ཁུངས་སྐོར་གྱི་དྲི་བ་འགའ།

རྨ་འབྲི་རྫ་གསུམ

ངོ་མཚར་ལྟ་ན་སྡུག་པའི་རྨ་འབྲི་རྫ་གསུམ་འགོ་ཁུངས་ནི་མདོ་དབུས་ས་མཐོའི་ལྟེ་བར་ཆགས་ཤིང་། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་གསུམ་གྱི་འགོ་ཁུངས་ཏེ། ཀྲུང་ཧྭའི་ཆུ་མཛོད་དང་། གླིང་ཆེན་ཨེ་ཤ་ཡའི་ཆུ་མཛོད་དུ་གྲགས། གནས་འདིའི་ས་བབ་ཆགས་གཤིས་ཁྱད་དུ་འཕགས་ལ་ངོ་མཚར་བས། འཛམ་གླིང་ཡུལ་ཕྱོགས་ཀུན་གྱི་མིག་དབང་གསོ་བའི་གནས་ཡན་གར་བ་ཞིག་ཏུ་ཆགས་ཡོད། ལྷག་པར་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་ཀྱི་སྐྱོ་ར་གལ་ཆེན་དང་མཐོ་སྒང་གི་སྐྱེ་དངོས་སྣ་མང་གི་བང་མཛོད་དུ་བཀུར་བ་ནས་བཟུང་།  དེའི་སྲུང་སྐྱོབ་རིན་ཐང་ནི་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་དང་འབྲེལ་བའི་དོན་བྱ་གལ་ཆེན་ཞིག་ཏུ་གྱུར་ཡོད།


1  2016ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུང་ཐིང་གིས་《རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ཇུས་གཞི》པར་འགྲེམས་བྱས་ཏེ།  ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ལག་ལེན་འཚོལ་ཞིབ་ཀྱི་སྒོ་མོ་ཡངས་པོར་ཕྱེས། རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནི()

ཀ  རང་རྒྱལ་ཀྱི་རྒྱལ་ཁབ་སྤྱི་གླིང་ཐོག་མ་ཡིན་པ་མ་ཟད། འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་ཡིན།

ཁ   རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གཉིས་པ་ཡིན་ལ། འཛམ་གླིང་ཐོག་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་ཡིན།

ག  རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མ་ཡིན་ལ། འཛམ་གླིང་སྟེང་གཞི་ཁྱོན་ཨང་གཉིས་པ་ཡིན་པའི་རྒྱལ་ཁབ་སྤྱི་གླིང་ཡིན།

ང  རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མ་ཡིན་ལ། འཛམ་གླིང་ཐོག་གཞི་ཁྱོན་ཨང་གཉིས་པ་ཡིན་པའི་རྒྱལ་ཁབ་སྤྱི་གླིང་ཡིན།


2  རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་བཤད་ཚུལ()ཡང་དག་ཡིན།

ཀ  གངས་རིའི་མུ་ཁྱུད་ཀྱིས་བསྐོར་ཞིང་འཁྱགས་རོམ་མཁའ་མཐར་འཕྱུར་བ།

ཁ  མཚོ་མཚེའུ་སྐར་ཚོགས་བཞིན་བཀྲ་ཞིང་། ནེའུ་གསིང་གཡུ་ལོ་ལྟར་གཅལ་དུ་བརྡལ།

ག  རི་ཆུའི་བར་གསེང་ཀུན་ཏུ་སེམས་ཅན་བག་ཡངས་རྒྱུ།

ང  འདབ་ཆགས་གཤོག་རྩལ་ངོམ་ཞིང་། གཡང་ར་བ་སྒོ་བཞི་རི་ལ་འབྱམས།


3  ས་མཐོའི་འཁྱགས་རོམ་ལ་བརྟེན་ནས་སྙན་གྲགས་ཕྱོགས་བཞིར་ཁྱབ་ཅིང་། འཛམ་གླིང་ཐོག་ས་བབ་མཐོན་པོའི་སྐྱེ་དངོས་སྣ་མང་འཛོམས་པ། ས་མཐོ་ཞིང་གྲང་ལྷགས་ཆེ་བའི་སྐྱེ་དངོས་རང་སྐྱེས་ཀྱི་ཐོན་ཁུངས་མཛོད་དུ་གྲགས་མཁན་དེ་གང()

ཀ  རྨ་འབྲི་རྫ་གསུམ་འགོ་ཁུངས།  ཁ  འབྲི་ཆུའི་འགོ་ཁུངས། ག  རྨ་ཆུའི་འགོ་ཁུངས།  རྫ་ཆུའི་འགོ་ཁུངས།


4  འབྲི་ཆུའི་འགོ་ཁུངས་ནི་འཛམ་གླིང་གི་ཡང་རྩེ་རུ་གྲགས་པའི་མདོ་དབུས་མཐོ་སྒང་གི་གདང་ལ་རི་རྒྱུད་སྐུ་ལྷ་དར་མདུང་གི་ནུབ་ལྷོའི་ངོས་སུ་འབབ་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྟེ། རིང་ཚད་ལ་སྨི་སྟོང6397ཡོད་པ་དང་། ()

ཀ  རང་རྒྱལ་གྱི་ཆུ་རྒྱུན་རིང་ཤོས་གཉིས་པ་དང་། གླིང་ཆེན་ཨེ་ཤ་ཡའི་ཆུ་བོ་རིང་གྲས་དང་པོ་ཡིན།

ཁ  འཛམ་གླིང་གི་ཆུ་བོ་རིང་ཤོས་གསུམ་པ་དང་། གླིང་ཆེན་ཨེ་ཤ་ཡའི་ཆུ་བོ་རིང་གྲས་གཉིས་པ་ཡིན།

ག འཛམ་གླིང་གི་ཆུ་བོ་རིང་ཤོས་གསུམ་པ་དང་། གླིང་ཆེན་ཨེ་ཤ་ཡའི་ཆུ་བོ་རིང་ཤོས་དང་པོ་ཡིན།


5  མཚེའུ་སྐར་ཚོགས་བཞིན་བཀྲ་ལ། མཚེའུ་སྟོང་གི་བཀོད་པ་རྨད་དུ་བྱུང་བ། མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་མཐོ་སྒང་གི་མགུལ་དུ་འཕྱིང་བའི་མུ་ཏིག་རྡོག་པོ་ཆ་གཅིག་དང་འདྲ་བའི་ཡུལ་དེ()

ཀ  འབྲི་ཆུའི་འགོ་ཁུངས།

ཁ  རྨ་ཆུའི་འགོ་ཁུངས།

ག  རྫ་ཆུའི་འགོ་ཁུངས།


6  རྨ་ཆུ་ནི་ཀྲུང་གོའི་གཙང་བོ་རིང་ཤོས་གཉིས་པ་ཡིན་ཞིང་། སྤྱིའི་རིང་ཚད་ལ་ལེ་དབར་ཧ་ལམ()ཡོད་པ་དང་། དེ་ལས་རྨ་ཆུའི་ཆུ་ལག་ཧ་ཅང་མང་ལ་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་ལག་ནི()

ཀ   5454། ཙོང་ཆུ(མཚོ་སྔོན་མངའ་ཁོངས་སུ་འབབ)།   ཁ   5464  ། ཧྥུན་ཧོ་ཆུ་བོ(ཧྲན་ཞི山西མངའ་ཁོངས་སུ་འབབ)།  ག 5454། ལོ་ཧོ་ཆུ་བོ(ཧྲན་ཞི陕西མངའ་ཁོངས་སུ་འབབ)། ང   5464 ཉག་ཆུ(渭河ཀན་སུའུ་མངའ་ཁོངས་སུ་འབབ)།


7  ཀྲུང་གོའི་དབྱར་རྩྭ་དགུན་འབུའི་རྫོང་དང་པོ་རུ་གྲགས་ཤིང་། ཀྲུང་གོའི་གསའ་གཟིག་གི་ཕ་ས་རུ་འབོད་པའི་རྫོང་ནི()

ཀ  འབྲི་སྟོད་རྫོང་།  ཁ  ཁྲི་འདུ་རྫོང་། ག རྫ་སྟོད་རྫོང་། ང ཡུལ་ཤུལ་གྲོང་ཁྱེར།


8  རྫ་ཆུ་ནི་ཡུན་ནན་ཞིང་ཆེན་ནས་རྒྱལ་ཁོངས་ཕྱིར་བབས་རྗེས་ལོ་སི་དང་འབར་མའི་མངའ་ཁོངས་ཀྱི་ཆུ་བོར་གྱུར་ཞིང་། མིང་ལ()ཟེར།

ཀ  ཐ་པི་གཙང་བོ།  ཁ  མའེ་ནན་ཆུ་བོ།  ག  ཏེ་ལན་ཏཱ་དབྱི་ཆུ་བོ།  ང  མའེ་ཀོང་གཙང་བོ།


9   འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་གསུམ་མཐའ་མཇུག་འབབ་སའི་རྒྱ་མཚོ་སོ་སོ()ཡིན།

ཀ ཤར་མཚོ།  རྒྱ་མཚོ་སེར་པོ། ལྷོ་མཚོ།    

ཁ  ཤར་མཚོ། པའོ་ཧའེ་མཚོ།  ལྷོ་མཚོ།  

ག  པའོ་ཧའེ་མཚོ།  ལྷོ་མཚོ།   རྒྱ་མཚོ་སེར་པོ།

ང  རྒྱ་མཚོ་སེར་པོ། པའོ་ཧའེ་མཚོ།  ལྷོ་མཚོ།


10  རྨ་འབྲི་རྫ་གསུམ་འབབ་རྒྱུད་ཀྱི་ཞིང་ཆེན་དང་ཁུལ། གྲོང་ཁྱེར་གྱི་གོང་སྒྲིག་སྟངས་འཁྲུལ་མེད་པ་ནི()

ཀ  འབྲི་ཆུའི་ཆུ་དེ་ནུབ་ནས་ཤར་ཏེ་བོད་ལྗོངས་དང་། ཧུའུ་པའེ།  ཅང་ཞི།  ཧྲང་ཧའེ་ལ་འབབ་པ་ཡིན།

ཁ  རྫ་ཆུ་ནི་མཚོ་སྔོན་ནས་སི་ཁྲོན་དང་། བོད་ལྗོངས།  ཡུན་ནན་དུ་འབབ་པ་ཡིན།

ག  རྨ་ཆུ་ནི་ནུབ་ནས་ཤར་ཏེ་སི་ཁྲོན་དང་། ཧྲན་ཞི།  ཧྲན་ཞི།  ཧོ་པེ།  ཧྲན་ཏུང་གི་ཁོངས་སུ་འབབ་པ་ཡིན།