འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསར་པ《ལག་དམར》ལ་འཁྲབ་གཞུང་རྩེ་གྲས་བྱ་དགའ་ཐོབ་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན། བོད་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསར་པ《ལག་དམར》ལ་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས75པའི“ གནམ་ས་འབྲེལ་མཚམས”རྟིང་རྩོད་འགྲན་བསྡུར་གྱི་འཁྲབ་གཞུང་རྩེ་གྲས་བྱ་དགའ་ཐོབ།

ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན(Venice International Film Festival)ནི་ཡོ་རོབ་གླིང་གི་གློག་བརྙན་དུས་ཆེན་གསུམ་གྲས་ཀྱི་གཅིག་ཡིན་ཞིང་། (གཞན་གཉིས་ནི་ཧྥ་རན་སིའི་ཀ་ན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་འཇར་མན་གྱི་པེར་ལེན་གློག་བརྙན་དུས་ཆེན་གཉིས་ཡིན།)དེ་ནི་དབྱི་ཐ་ལའི་ཝེ་ནཱ་སི་ལི་ཏོ་གླིང་ཕྲན་གྱིས་གཙོ་གཉེར་བྱེད་བཞིན་པ་དང་། ལོ་རེའི་སྤྱི་ཟླ8པ་ནས9པའི་བར་འཚོགས་བཞིན་ཡོད་ལ། དེ་ནི1932ལོ་ནས་འཚོགས་མགོ་བརྩམས་ཤིང་འཛམ་གླིང་ཡོངས་ལས་ལོ་རྒྱུས་རིང་ཤོས་ཀྱི་གློག་བརྙན་དུས་ཆེན་དུ་གྱུར་ཡོད།

ས་གདན་དམར་པོའི་སྟེང་གི་མཉམ་པར། 

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ལ་བཅར་འདྲི་བྱེད་བཞིན་པའི་ཚུལ།