གཡང་མོ་སྐྱིད2018ལོའི་རྒྱལ་ཡོངས་སློབ་བུ་སྐྱོང་བའི་མིག་དཔེ་མི་སྣ་བཅུའི་ཁྲོད་ཚུད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་སློབ་གསོ་པུའུ་ཡི་གཞུང་ཕྱོགས་དྲ་བ་ནས་ཤེས་གསལ་ལྟར་ན། ཉིན་དེར་སློབ་གསོ་པུའུ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། 2018ལོའི་ལོ་ཧྲིལ་པོའི་རྒྱལ་ཡོངས་སློབ་བུ་སྐྱོང་མཁན་མིག་དཔེ་མི་སྣ་འོས་འདེམས་ཀྱི་མཇུག་འབྲས་བསྒྲགས་ཤིང་།  རང་ཞིང་གི་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་སློབ་འབྲིང་གཉིས་པའི་དགེ་རྒན་གཡང་མོ་སྐྱིད་ཐེངས་འདིའི་རྒྱལ་ཡོངས་ཀྱི་གཟེངས་རྟགས་མཚན་སྙན10ཐོབ་མཁན་གྱི་གྲས་སུ་ཚུད་འདུག

དགེ་རྒན་དུས་ཆེན་ཨང34པར་བསུ་བ་དང་། མི་དམངས་དགེ་རྒན་རྣམས་ཀྱིས་སློབ་བུ་བཟང་པོ་སྐྱོང་བའི་ཡིད་འགུལ་ཐེབས་པའི་བྱས་རྗེས་དྲིལ་སྒྲོག་ཤུགས་ཆེན་དང་། བླ་མེད་ཀྱི་ཀུན་སྤྱོད་བཟང་པོ་དར་སྤེལ།  རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་ཡིད་ཚིམ་ཞིང་། “ལྡན་པ་བཞི”ཚང་བའི་དགེ་རྒན་བཟང་པོ་ཞིག་བྱེད་པར་སྣེ་ཁྲིད་བཅས་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ནས་དགེ་རྒན་ལ་བཀུར་ཞིང་སློབ་ཁྲིད་གཙིགས་སུ་འཛིན་པའི་སྲོལ་བཟང་ཡག་པོ་ཞིག་དར་ཆེད། ད་ལོའི་ཟླ5པ་ནས་བཟུང་སྟེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་བྱེད་སྒོ་འདི་སྤེལ་བ་རེད།

ཞིང་ཆེན་སོ་སོའི་འོས་སྦྱོར་དང་། སྨྱན་བྱད་ཚན་པས་ཁྱབ་བསྒྲགས།  སྤྱི་ཚོགས་ཀྱིས་འདེམས་ག  རྩ་འཛུགས་ཨུ་ལྷན་གྱིས་འོས་འདེམས་བཅས་རིམ་པ་བརྒྱུུད།  སྤྱི་ཚོགས་ཀྱིས་འདེམས་ག་བྱས་པ་གཞི་བྱས་ཏེ།  དགེ་རྒན་གྱི་བསམ་བློ་ཀུན་སྤྱོད་དང་། སློབ་བུ་སྐྱེད་སྲིང་གི་ལས་ཀའི་གྲུབ་འབྲས་སོགས་ཚད་ཐིག་ཏུ་བཟུང་ཐོག  འོས་འདེམས་ཨུ་ལྷན་གྱིས་ཞིབ་བསྡུར་དང་མིང་མེད་འདེམ་ཤོག་འཕངས་པ་བརྒྱུད།  མཐར2018ལོའི་ལོ་ཧྲིལ་པོའི་རྒྱལ་ཡོངས་སློབ་བུ་སྐྱེད་སྲིང་གི་མིག་དཔེ་མི་སྣ10འོས་འདེམས་བྱུང་།

 

2018ལོའི་རྒྱལ་ཡོངས་སློབ་བུ་བཟང་པོ་སྐྱེད་སྲིང་གི་མིག་དཔེ་མི་སྣའི་མིང་ཐོ།

ཐེངས་འདིར་འདེམས་ཐོན་བྱུང་བའི་རྒྱལ་ཡོངས་ཀྱི་སློབ་བུ་བཟང་བོ་སྐྱེད་སྲིང་གི་མིག་དཔེ་མི་སྣ་བཅུ་བོ་ནི།  མཐོ་རིམ་སློབ་གསོ་དང་། ལས་རིགས་སློབ་གསོ།  རྨང་གཞི་སློབ་གསོ། སྔོན་འགྲོའི་སློབ་གསོ།  དམིགས་བསལ་སློབ་གསོ་སོགས་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་སློབ་གསོའི་ཁྱབ་ཁོངས་ནས་ཡིན་ཞིང་། ཚང་མར་ཞིང་ཆེན་རིམ་པ་ཡན་གྱི་ཀུན་སྤྱོད་ཡག་ཤོས་ཀྱི་དགེ་རྒན་དང་། སློབ་བུ་བཟང་པོ་སྐྱེད་སྲིང་སོགས་ཕྱོགས་གང་ཅིའི་ཐད་གཟེངས་སུ་ཐོན་པའི་དགེ་རྒན་མིག་དཔེ་ཅན་ཏག་ཏག་རེད། ཁོང་ཚོའི་སྔོན་ཐོན་བྱས་རྗེས་ཁྲོད་དུས་རབས་གསར་པའི་རྒྱ་ཆེའི་དགེ་རྒན་རྣམས་ཀྱི་བླ་མེད་ཀུན་སྤྱོད་དང་། བསམ་པ་རྣམ་དག་གིས་སློབ་བུ་སྐྱོང་བའི་ཐུན་མོང་གི་ཁྱད་ཆོས་དང་། ཏང་དང་རྒྱལ་ཁབ་ཀྱི་ཡིད་ཚིམ་ལ“ལྡན་པ་བཞི”ཚང་བའི་དགེ་རྒན་བཟང་པོ་ཞིག་བྱ་བར་འབད་འབུངས་བྱེད་པའི་སྣང་བརྙན་གསར་པ་དང་རྣམ་པ་གསར་པ་མངོན་མཚོན་བྱས་ཡོད་པ་རེད།

གཡང་མོ་སྐྱིད། མོ། བོད་རིགས།  1974ལོའི་ཟླ5པར་སྐྱེས། ཀྲུང་གོའི་དམངས་གཙོའི་མནའ་འབྲེལ་མཐུན་ཚོགས་ཀྱི་ཁོངས་མི་དང་། ཀྲུང་གུང་གྲ་སྒྲིག་ཏང་ཡོན།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་སློབ་འབྲིང་གཉིས་པའི་དགེ་རྒན་རེད། མདོ་དབུས་མཐོ་སྒང་གི་སློབ་གསོའི་བྱ་གཞག་ལ་གཞོལ་ཞིང་། སྔ་གཞུག་ཏུ་སློབ་བུ་དཀའ་ངལ་ཅན་དང་གནད་དོན་ཡོད་པའི་སློབ་མ་རང་ཁྱིམ་དུ་བསུས་ནས་ཁྱིམ་ཚང་གི་དྲོད་སྐྱིད་དང་བརྩེ་བ་སྦྱིན་ཏེ། སློབ་ཆེན་གྱི་སྡིངས་ཆར་འགྲིམ་པར་ལམ་སྟོན་མཛད་པས། སློབ་མ་ཀུན་གྱིས་མོ་ལ“ཨ་མ་གཡང”ངམ“ཨ་མ་མོ་སྐྱིད”ཅེས་འབོད།   མོས་ཀུན་སྤྱོད་སློབ་གསོར་ཧ་ཅང་མཐོང་ཆེན་བྱས་ཏེ།  “ལྕག་གཅིག་སྒྲིག་ལམ”ཞེས་པའི་ཞིབ་དཔྱད་བྱེད་ཐབས་ཤིག་གསར་དུ་བཏོད་ཅིང་། ཞིང་ཆེན་དང་གྲོང་ཁྱེར་རྫོང་ཁག་རིམ་པའི་སྒྲོག་འགྲེལ་ཚོགས་པའི་འོས་འགན་སྒྲོལ་འགྲེལ་པའི་འགན་ཁུར་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྒྱུད་སྒྲོག་བྱས།  མོས་ཀུན་སྤྱོད་སྐྱེད་སྲིང་ལས་དོན་ཁང་ལ་གཙོ་སྐྱོང་མཛད་ནས“ཀུན་སྤྱོད་དཔེ་སྟོན”ཅན་གྱི་དགེ་རྒན་གདན་ཞུས་ནས་འཛིན་གྲྭར་ཟུར་ཁྲིད་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སློབ་མའི་ཀུན་སྤྱོད་ཕྱོགས་ཀྱི་སློབ་གསོ་སྤེལ་བས།  རྟ་ཐང་གི་ཁྱད་ཆོས་ལྡན་པའི་ཀུན་སྤྱོད་ཀྱི་སློབ་གསོ་བྱེད་སྟངས་ཤིག་ཆགས། མོས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ཏུ་ལེན་སྤོབས་ཤིང་།   དོན་རྐྱེན་བྱུང་བ་དང་། སྙུང་ནད་ཕོག་པ།  གློ་བུར་བའི་དོན་རྐྱེན་བྱུང་བའི་སློབ་མ་རྣམས་ལ་སྨན་བཅོས་ཀྱི་འགྲོ་གྲོན་བསྡུ་རུབ་ཀྱིས་རོགས་བྱས་མྱོང་།  སྔོན་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་པའི་མཚན་སྙན་དང་། ཀྲུང་གོའི་ན་ཆུང་བྱིས་པའི་ཐེབས་རྩ་ཚོགས་པའི་“འགྱུར་མེད་བྱམས་བརྩེའི་མིག་དཔེ་མི་སྣ”ཞེས་པའི་མཚན་སྙན་ཐོབ་མྱོང་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།