དེ་ཡང2008ལོ་ནས་དངོས་སུ་ལག་བསྟར་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ཀྱི་སྡོད་དམངས་འབུམ6ལྷག་ལ་སྡོད་ཁང་འཛུགས་བསྐྲུན་བྱེད་པར་འགན་སྲུང་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཁར་གྲོང་གིས་འགན་བཅོལ་རང་བཞིན་གྱི་སྡོད་ཁང་འཛུགས་བསྐྲུན་དང་སྡོད་ཁང་ཐབས་ཆག་ལ་བཅོས་བསྒྱུར་བྱེད་པ་དེ། མཁར་གྲོང་འཛུགས་བསྐྲུན་མ་ལག་གིས་འགན་ལེན་བྱས་པའི་འགན་འཁྲི་གལ་ཆེན་ཞིག་དང་། དམངས་ལ་ཁེ་ཕན་བསྐྲུན་པའི་འགན་བཅོལ་རང་བཞིན་གྱི་གཞིས་སྡོད་བཟོ་སྐྲུན་གྱི་བྱ་བ་གལ་ཆེན་ཞིག་ཀྱང་ཡིན། དེ་ཡང2008ལོ་ནས་འགོ་བརྩམས་སྟེ2017ལོའི་ལོ་མཇུག་བར་ལག་བསྟར་སྒོ་འབྱེད་བྱས་པ་བརྒྱུད། ཞིང་ཆེན་ཡོངས་སུ་མཁར་གྲོང་གི་འགན་སྲུང་རང་བཞིན་ཐོབ་པའི་སྡོད་ཁང་དང་རིགས་མི་འདྲ་བའི་སྡོད་ཁང་ཐབས་ཆག་ལ་བཅོས་བསྒྱུར་བྱེད་པའི་སྡོད་ཁང་ཁྲི67.57འཛུགས་བསྐྲུན་དང་། བཅོས་སྒྱུར་བྱེད་པ་ལེགས་འགྲུབ་བྱུང་ནས་མཁར་གྲོང་གི་སྡོད་དམངས་འབུམ6ལྷག་གིས་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་། སྡོད་ཁང་ཐབས་ཆག་ལ་ལེགས་བཅོས་བྱེད་པའི་སྡོད་ཁང་གི་ཆ་རྐྱེན་ཡོངས་འགྲུབ་བྱས་ཡོད།

ལོ་མང་པོ་ཞིག་གི་རིང་ལ། རང་ཞིང་གིས་མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སྡོད་ཁང་ཁོར་ཡུག་ལ་ལེགས་བཅོས་བྱས་ཤིང་། དེ་ཡང་འདུག་སའི་ཁང་པ་ཡོད་པ་ནས་འགོ་བརྩམས་སྟེ་མཁར་གྲོང་གི་འགན་སྲུང་དམའ་བའི་དཀའ་ཁག་ཅན་གྱི་ཁྱིམ་ཚང་དག་གི་སྡོད་ཁང་གི་གནད་དོན་དེ་ཐག་གཅོད་བྱས་པ་རེད། དེའི་མི་ཚད་ཁང་བདག་རྣམས་ཀྱི་སེམས་སྔར་ལས་སྐྱིད་པ་དང་འགན་བཅོལ་རང་བཞིན་གྱིས་སྡོད་ཁང་གི་བཟོ་སྐྲུན་གྱིས་མཁར་གྲོང་གི་འགན་སྲུང་དམའ་བའི་ཁྱིམ་ཚང་དག་གི་དཀའ་ཁག་ཆེ་བའི་གནད་དོན་དེར་འགན་བཅོལ་ངེས་ཅན་ཞིག་ཐོབ། སྡོད་ཁང་འགན་བཅོལ་གྱི་ཁ་གཏད་ཡུལ་ནི་ཆེས་ཐོག་མའི་མཁར་གྲོང་གི་འགན་སྲུང་དམའ་བའི་དཀའ་ཁག་ཅན་གྱི་ཁྱིམ་ཚང་ནས་རྒྱ་བསྐྱེད་དེ་མཁར་གྲོང་གི་ཡོང་འབབ་འབྲིང་ཙམ་གྱི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སྡོད་ཁང་། ལས་རིགས་གསར་པར་གསར་ཞུགས་བྱས་པའི་ལས་བཟོ་པ། ན་གཞོན་དགེ་རྒན། ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པ་སོགས་ཡིན། དེ་དང་ཆབས་ཅིག་མཁར་གྲོང་གི་འགན་བཅོལ་རང་བཞིན་གྱི་སྡོད་ཁང་འཛུགས་བསྐྲུན་དང་སྡོད་ཁང་ཐབས་ཆག་ལ་བཅོས་བསྒྱུར་བྱས་པ་དེས་མི་གཙོ་བོར་འཛིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད་ལ། མ་དངུལ་གཏོང་མཁན་འཛད་སྤྱོད་པ་དང་དཔལ་འབྱོར་གྱི་ཡོང་འབབ་འཕར་སྣོན་ལ་སྣེ་ཁྲིད་ནས་གྲོང་ཁྱེར་གྱི་རྣམ་པ་ལ་ཕྱི་ཚུལ་ནས་བཅོས་བསྒྱུར་ཐོབ་པ་དང་གྲོང་ཁྱེར་གྱི་སྤུས་ཚད་ཡང་མངོན་གསལ་གྱིས་མཐོར་འདེགས་སུ་སོང་ཡོད།

ད་ལྟའི་ཆར་རང་ཞིང་གིས་ད་རུང་སྡོད་ཁང་ཐབས་ཆག་ས་ཁུལ་གྱི་ཁྱིམ་ཚང་ཁྲི4.9ཡི་ཁང་པར་ཞིག་གསོ་བྱེད་པ་ལག་བསྟར་བྱ་དགོས་ཤིང་། འགན་བཅོལ་ཁང་པ་ཡོད་པའི་གཞིས་ཁུལ་རེ་འགའི་སྒྲིག་གཞི་འཐུས་ཚང་གི་རྨང་གཞིའི་སྒྲིག་ཆས་ད་རུང་འཐུས་ཚང་དུ་བཏང་མེད་པས། འགན་བཅོལ་རང་བཞིན་གྱི་སྡོད་ཁང་གི་བགོ་སྟངས་དང་ཕྱིར་འབུད། བེད་སྤྱོད་དོ་དམ་སོགས་ཀྱི་ཐད་ལ་ད་རུང་སྒྲིག་སྲོལ་མིན་པ་དང་སྣང་ཚུལ་གནད་ལ་མ་ཁེལ་བའི་གནད་དོན་ཡོད་པ་རེད།  ཐེངས་རྗེས་མར་རང་ཞིང་གིས་གནད་དོན་དེ་དག་གཙོ་བོར་བཟུང་སྟེ་དམིགས་འབེན་གྱི་ཁ་ཕྱོགས་དང་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་གཏན་ཁེལ་ཁྲོད་ཀྱི་དམིགས་འབེན་འགན་འཁྲི་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་སྡོད་ཁང་ཐབས་ཆག་ཡིན་པའི་ས་ཁུལ་གྱི་བཅོས་བསྒྱུར་གྱིས་ལོ་གསུམ་མཁྲེགས་གཏོར་འཆར་གཞིའི་སྲིད་ཇུས་ཀྱི་གོ་སྐབས་དང་བསྟུན་ནས་མུ་མཐུད་དུ་མཁར་གྲོང་སྡོད་ཁང་ཐབས་ཆག་ལ་བཅོས་བསྒྱུར་བྱེད་པ། གཞིས་ཁུལ་རྙིང་པ་ལ་དག་སྒྲིག་བྱེད་པ་བཅས་ཀྱིས། 2020ལོའི་ལོ་མཇུག་ལ་སླེབས་དུས་སྡོད་ཁང་ཐབས་ཆག་ས་ཁུལ་གྱི་སྡོད་དམངས་མི་ཉུང་བ་ཞིག་སྡོད་ཁང་ཐབས་ཆག་ལས་ཐོག་ཁང་དུ་གནས་སྤོར་བྱེད་རྒྱུ་བརྩོན་ལེན་བྱས་ནས། མི་དམངས་མང་ཚོགས་སྡོད་ཁང་དུ་འདུག་པའི་ཆ་རྐྱེན་ལ་མངོན་གསལ་གྱིས་བཅོས་བསྒྱུར་ཐོབ་པ་བྱ་རྒྱུ། དེ་དང་ཆབས་ཅིག་ལྟ་སྐུལ་མཛུབ་སྟོན་གྱིས་ས་ཁུལ་སོ་སོའི་རེ་འདུན་ཞུ་ཡིག་གཞིར་བཟུང་སྟེ་སྒོ་ཐེམ་དུ་འཛུལ་བའི་ཚད་ཇེ་དམའ་རུ་བཏང་ཞིང་། འགན་བཅོལ་གྱི་ཁྱབ་ཁོངས་རྒྱ་སྐྱེད་ནས་ཁང་བ་བགོ་བཤའ་བྱེད་པའི་ཚད་གཞི་སྔར་ལས་འཐུས་ཚང་དུ་བཏང་ཞིང་། ཡོང་འབབ་འབྲིང་ཙམ་གྱི་ཁྱིམ་ཚང་དང་ལས་ཞུགས་གསར་པའི་ལས་བཟོ་པ་ཁང་པ་མེད་པ། ལས་ཀ་གཏན་ཁེལ་ཅན་གྱི་ཕྱི་ཡོང་ལས་བཟོ་པ་སོགས་མི་རྣམས་ཀྱི་དོན་དངོས་འགན་བཅོལ་གྱི་ཚད་གཞི་ཆེས་ཆེར་བཏང་ནས་ཆ་རྐྱེན་འཛོམས་པའི་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་པ་སོགས་ཁྱིམ་ཚང་ལ་དཀའ་ཁག་ཆེ་བ་དག་ལ་ཁང་བ་བགོ་བཤའ་རྒྱག་པར་འགན་བཅོལ་བྱས་ཤིང་། དེ་ཡང་འགན་བཅོལ་ཁ་ཕྱོགས་ཀྱི་ཡོང་འབབ་གནས་ཚུལ་དོན་དངོས་ཀྱི་ཁྱད་པར་གཞིར་བཟུང་ནས་ཁང་གླའི་སྲིད་ཇུས་ལག་བསྟར་བྱས་པ་རེད། དམིགས་བསལ་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་ཁང་གླ་ཉུང་འཕྲི་བྱས་ཏེ་དྲོད་འདོན་རིན་དངུལ་ཐད་ལ་ཡང་འོས་འཚམ་གྱི་བྱེད་ཐབས་བཏོན་ནས་རྒྱུན་ལྡན་གྱི་གནས་སྡོད་དང་འཚོ་བའི་ཐད་ལ་འགན་བཅོལ་བྱས་ཡོད། དེ་ཡང་ཁང་པ་བགོ་བཤའ་རྒྱག་པའི་གོ་རིམ་ནན་ཏན་སྒོས་ཞིབ་བཤེར་གསུམ་དང་སྤྱི་བསྒྲགས་གཉིས་ཀྱི་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱས་ཤིང་། སྤྱི་པའི་ཁང་གླའི་དོ་དམ་ལ་ཤུགས་སྣོན་བྱས་ཏེ་དུས་ལྟར་འགན་བཅོལ་གྱི་ཆ་རྐྱེན་དང་མི་མཐུན་པ་ཡོད་ཚད་གཙང་སེལ་བྱས་ཏེ། ཕ་རོལ་པོར་ཁང་པ་སྤྲོད་པ་བཅས་ཀྱིས་འགན་བཅོལ་དེ་སྟོང་བར་གྱུར་བ་དང་འགན་བཅོལ་བྱེད་མི་དགོས་པ་དག་ལ་སྟབས་བདེ་བསྐྲུན་པ་བཅས་གཏན་ནས་བྱེད་མི་རུང་པར་དྲང་བདེན་དྲང་བཞག་མངོན་འགྱུར་བྱས་ཡོད།

ས་ཁུལ་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དངོས་ཟོང་བགོ་བཤའ་བྱེད་པ་དང་གླ་གཏོང་བྱེད་པ། དངུལ་ལོར་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྤྲོད་པ་སོགས་ཀྱི་བྱེད་ཐབས་དང་ཟུང་འབྲེལ་བྱས་ཏེ། ལུགས་མཐུན་སྒོས་ཁང་པ་གླ་བའི་ཁ་གསབ་ཀྱི་ཁྱབ་ཁོངས་དང་ཚད་གཞི་ལུགས་མཐུན་བཟོས་ནས་སྙོམས་སྒྲིག་སྒྲིག་གཞི་གསར་འཛུགས་བྱས་པ་དང་། འགན་བཅོལ་གྱི་ཁ་གཏད་ཡུལ་ལ་འགན་བཅོལ་ཐེབས་ནས་གླ་གཏོང་ཁ་གསབ་སོགས་ཀྱི་ཐད་ནས་སྡོད་ཁང་འོས་འཚམས་ཤིག་བཀོད་སྒྲིག་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།