《བདེན་འཚོལ》ལ་བཀའ་དྲིན་ཞུ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་ལ་འཇགས་མི་སྲིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། “ང་ཚོ་པེ་ཅིན་ནས་ཕྱིར་ཡོང་སྐབས་བདེན་འཚོལ་དུས་དེབ་ཁང་གི་ཕུ་བོ་དང་ཨ་ཅེ་རྣམས་ཀྱིས་ང་ཚོ་མི་རེ་རེ་ལ་ཟས་རིགས་གྲ་སྒྲིག་བྱས་ཡོད། དེའི་ཁྲོད་ཀྱི་ཀུ་ཤུ་གཉིས་དང་ཁམ་བུ་གཉིས་ནི་བཀྲུས་པ་ཧ་ཅང་གཙང་བས། འདི་ལས་ང་ཚོས་ཁོ་ཚོའི་ལྷག་བསམ་རྣམ་དག་གི་སེམས་པ་དེ་གསལ་པོར་མཐོང་ཐུབ”ཞེས་པ་འདི་ནི་ཟླ8པའི་ཚེས31ཉིན་གྱི“དགའ་ཞེན་གསུམ”གྱི་སློབ་གསོའི་དངོས་ཡོད་བྱེད་སྒོའི་གྲུབ་འབྲས་མཉམ་སྤྱོད་བཞུགས་མོལ་གྲོས་ཚོགས་སྟེང་། སྨྱན་བྱད་ཀྱི་འཐུས་ཚབ་པའམ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་མ་སེ་དབྱི་ཡིས་བདེན་འཚོལ་དུས་དེབ་ཁང་གི་ལས་བྱེད་མི་སྣ་དག་ལ་བཀའ་དྲིན་ཞུ་ཚིག་ཅིག་ཡིན་ལ། བྱིས་པ་དག་ལ་སེམས་ཉེ་བའི་སྒོ་ནས་བདག་སྐྱོང་བྱས་ཏེ་བྱིས་པ60པོས་བཀའ་དྲིན་འདི་ཡིད་ལ་བརྟན་པོར་བཅངས་ནས་རང་ཉིད་ཀྱི་མ་འོངས་པའི་ཕུགས་འདུན་རྙེད་ཐུབ་པའི་རེ་ལྟོས་ཀྱིས་ཁེངས་ཡོད།

གྲོས་ཚོགས་སྟེང་དགེ་རྒན་དང་སློབ་མ། ལས་བྱེད་མི་སྣ་དང་ད་རུང་གསར་འགྱུར་སྨྱན་བྱད་སོགས་ཚང་མས།《བདེན་འཚོལ》དུས་དེབ་ཁང་གི་བཀའ་དྲིན་ནམ་ཡང་བརྗེད་མེད་སེམས་སུ་བརྟན་པོར་ཉར་ཡོད། “《བདེན་འཚོལ》དུས་དེབ་ཁང་གིས་ཉིན10ལྷག་གི་རིང་ལ་ང་ཚོར་བདག་སྐྱོང་བྱས་པ་མ་ཟད། བྱམས་བརྩེ་ཅན་གྱི་མི་སྣ་ཡོངས་རྫོགས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།”ཞེས་རྫ་སྟོད་རྫོང་མི་རིགས་ཆ་ཚང་སློབ་ཆུང་གཉིས་པའི་སློབ་མ་ཐུབ་བསྟན་ཆོས་འཚོས་བཤད་པ་དང་། ཁོ་མོས་ད་རུང་མུ་མཐུད་དུ་སློབ་སྦྱོང་བཟང་པོ་བྱས་ཏེ་མ་འོངས་པར་པེ་ཅིན་ནས་སློབ་ཆེན་འདོན་རྒྱུ་ཡིན་ལ། ད་རུང་རྔམ་བརྗིད་ལྡན་པའི་སྒོ་ནས་རྒྱལ་དར་ཡར་བསྒྲེང་བའི་མཛད་སྒོ་ལ་ཡང་བལྟ་རྒྱུ་ཡིན་ཟེར།

གང་ལྟར《བདེན་འཚོལ》དུས་དེབ་ཁང་གི་ལས་བྱེད་མི་སྣ་དག་ཡུལ་དངོས་སུ་མེད་ན་ཡང་།རྫ་སྟོད་རྫོང་གི་དགེ་སློབ80ལྷག་གིས《བདེན་འཚོལ》ལ་བཀའ་དྲིན་ཞུ་བ་དང“དགའ་ཞེན་གསུམ་གྱི་བྱ་འགུལ”ལ་བཀའ་དྲིན་ཞུ་བ། “པེ་ཅིན”ལ་བཀའ་དྲིན་ཞུ་བ་བཅས་ཀྱི་ཐལ་སྒྲ་མོ་རྡེབ་སྒྲ་དེ་དུས་ཡུན་རིང་བོ་ཞིག་ལ་མ་འཇགས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།