རང་ཞིང་གི་བཟོ་སྐྲུན་མཁན107ལ་ལས་རིགས་གསར་གཏོད་ངོས་ལེན་དཔང་ཡིག་སྤྲད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་ཉེ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་པ་ལྟར་ན། རང་ཞིང་གི་འཇོན་མི107གྱིས་ཚན་རྩལ་པུའུ་ཡི་ལས་རིགས་གསར་གཏོད་བྱེད་ཐབས་ཞིབ་འཇུག་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་པའི་གཞུང་ལུགས་ལ་རྒྱུགས་ལེན་དང་བསླབ་བྱའི་བརྗོད་བྱར་དྲིས་ལན་བཏབ་པ་བརྒྱུད་ནས་ལས་གཏོད་བཟོ་སྐྲུན་མཁན་དུ་གྱུར་པ་རེད། རྒྱལ་ཁབ་ལས་གཏོད་བཟོ་སྐྲུན་མཁན་གྱི་ངོས་ལེན་དཔང་ཡིག་སྤྲད་པ་དེས་རང་ཞིང་གི་ལག་རྩལ་གསར་གཏོད་དེ་མགྱོགས་མྱུར་སྒོས་གོམ་སྟབས་གསར་པར་ཕྱོགས་པ་དང་། ཁེ་ལས་རང་བདག་རང་སྒྲུབ་ཀྱི་ལས་གཏོད་ནུས་ཤུགས་མཐོར་འདེགས་སུ་བཏང་ནས། ཁེ་ལས་གསར་གཏོད་ཀྱི་རུ་དཔུང་འཛུགས་བསྐྲུན་བྱེད་པར་ཤུགས་སྣོན་བྱེད་པའི་བྱེ་བྲག་གི་དོན་སྙིང་གལ་ཆེན་ལྡན་པ་རེད།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། ཉེ་ཆར་རང་ཞིང་གི་སློབ་མ107གྱིས་བདེ་བླག་ངང་ཚན་རྩལ་པུའུ་ཡི་གསར་གཏོད་བྱེད་ཐབས་ཞིབ་འཇུག་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་པའི་གཞུང་ལུགས་རྒྱུགས་ལེན་དང་བསླབ་གཞིའི་བརྗོད་དོན་ལ་དྲིས་ལན་བཏབ་སྟེ་ལས་གཏོད་བཟོ་སྐྲུན་མཁན་དུ་གྱུར་པ་དང་། དེའི་ཁྲོད་ཀྱི་རིམ་པ་གཉིས་པའི་ལས་གཏོད་བཟོ་སྐྲུན་མཁན23དང་རིམ་པ་དང་པོའི་བཟོ་སྐྲུན་མཁན84ཡོད། ད་ལྟའི་བར་རང་ཞིང་གིས་ཁྱོན་བསྡོམས་ལས་གཏོད་བཟོ་སྐྲུན་མཁན280སྐྱེད་བསྲིངས་བྱས་ཤིང་། དེའི་ཁྲོད་རིམ་པ་གསུམ་པའི་ལས་གཏོད་བཟོ་སྐྲུན་མཁན23དང་རིམ་པ་གཉིས་པའི་ལས་གཏོད་བཟོ་སྐྲུན་མཁན114། རིམ་པ་དང་པོའི་བཟོ་སྐྲུན་མཁན113བཅས་ཡོད།

ལོ་འདི་དག་གི་རིང་ལ། རྒྱལ་ཁབ་ཀྱི་ལས་གཏོད་བྱེད་ཐབས་བྱ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་རང་ཞིང་གི་ལས་གཏོད་བྱེད་ཐབས་བྱ་བར་སྐུལ་འདེད་བྱེད་ཆེད། ཞིང་ཆེན་ཚན་རྩལ་ཐིན་གྱིས་བྱ་བའི་ནུས་ཤུགས་མུ་མཐུད་དུ་ཆེས་ཆེར་བཏང་ཞིང་ཚན་རྩལ་པུའུ་ཡི་ལས་གཏོད་བྱེད་ཐབས་ཀྱི་བྱ་བའི་ཆེད་ཁེ་ཧུར་ཐག་གིས་བརྩོན་ལེན་བྱས་པ་རེད། དེ་ཡང་མདོག་ལྡན་ལྕགས་རིགས་དང་སྐྱེ་དངོས་སྨན་རྫས་ལས་སྣོན། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ་སོགས་རང་ཞིང་གི་ཐོན་ཁུངས་ཕུལ་བྱུང་གཙོར་བཟུང་སྟེ་ཕུལ་བྱུང་ཐོན་ལས་གཅིག་བསྡུས་སྒོས་ལས་གཏོད་བྱེད་པའི་ཐབས་ལམ་གྱི་གསབ་སྦྱོང་དར་སྤེལ་བྱས་ཏེ། ཚན་རྩལ་བྱེད་ཐབས་དང་ལས་གཏོད་གཞུང་ལུགས་ཀྱི་གྲུབ་འབྲས་འབོར་ཆེན་བེད་སྤྱོད་བྱེད་པའི་དོན་དངོས་ཐད་ཀྱི་ཤེས་ལྡན་པ་སྐྱེད་བསྲིངས་ཀྱིས་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ཡོངས་སུ་བསྐངས་པ་དང་ཁེ་ལས་ལག་རྩལ། དོ་དམ་མི་སྣ་བཅས་ཀྱིས་ཐོན་ལས་ཀྱི་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ། རང་བདག་ཤེས་བྱའི་ཐོན་དབང་སོགས་ཀྱི་ཐད་ལ་བྱེད་ནུས་འདོན་སྤེལ་བྱེད་པ་ནུས་པ་གལ་ཆེན་ལྡན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།