ཞིང་ཆེན་བདེ་འཇགས་ལྟ་སྐུལ་ཅུའུ་ཡིས་དྲ་སྟེང་ནས་སྲིད་དོན་བསྒྲུབས་པའི་ཚད་གཞི98%སླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོའི་ལོ་མཇུག་བར་ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུའི་ལས་དོན་རིམ་པ་ཁག། དྲ་སྟེང་ནས་བསྒྲུབས་ཚད80%ཡན་གྱི་དམིགས་འབེན་འོས་འགན་མངོན་འགྱུར་ལ་བདེ་བླག་ཡོང་ཕྱིར། ཞིང་ཆེན་བདེ་འཇགས་ཞིབ་བཤེར་ལྷ་སྐུལ་དོ་དམ་ཅུའུ་ཡི་སྒེའུ་ཁུང་ནང་གི་ལས་སྒྲུབ་མི་སྣས་འགན་ལེན་བྱས་པའི་སྲིད་དོན་ཞིབ་བཤེར་རྩིས་བཤེར་ལས་དོན་དང་། སྤྱི་གཞུང་ཞབས་ཞུའི་ལས་དོན་སོ་སོ་རིགས་བཀར་ཞིབ་མོ་བྱས་ཏེ། ནན་ཏན་སྒོས་ལས་སྒྲུབ་དང་ཞབས་ཞུ་ལེགསབ་སྒྱུར་གྱི་ཁ་ཕྱོགས་མཛུབ་སྟོན། ལས་སྒྲུབ་བརྒྱུད་རིམ་སོགས་གསལ་པོ་བཅས་བྱས་པ་རེད།

སྒེའུ་ཁུང་ལས་དོན་གྱིས“ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱི་དམིགས་གསལ་ལས་སྒྲུབ་མི་སྣ་དག་གིས་དམིགས་གསལ་ལས་སྒྲུབ་ཐོབ་ཐང་དཔང་ཡིག་ལ་ཞིབ་བཤེར་ནན་མོ”བྱས་པ་དང་། “རྡོ་སོལ་གཏེར་ཁུངས་མ་ཡིན་པའི་བདེ་འཇགས་ཐོན་སྐྱེད་ཆོག་མཆན་དཔང་ཡིག་ལ་ཞིབ་བཤེར།” “རྡོ་སོལ་གཏེར་ཁུངས་མ་ཡིན་པའི་བདེ་འཇགས་སྒྲིག་ཆས་ཀྱི་རྩིས་ཐོར་ཞིབ་བཤེར་རྩད་གཅོད”བཅས་ཀྱི་ལས་དོན་མི་འདྲ་བ་གསུམ་གྱི་སྲིད་དོན་ཞིབ་བཤེར་ཆོག་མཆན་ལས་དོན་དེ་དག  “ངོ་མི་ཐུག་པ་ལ་ཞིབ་བཤེར་ནན་མོ”དང“ཆེས་མང་ན་ཡང་ཐེངས་གཅིག་ལ་མ་གཏོགས་འགྲོ་མི་དགོས་པའི”ཞབས་ཞུའི་ཚོད་ལྟའི་འབུར་ཐོན་གཙོ་བོར་བཟུང་ནས། “ཉེན་ཁ་ཅན་གྱི་རྫས་འགྱུར་ཐོན་རྫས་རིགས་ཀྱི་ཁེ་ལས་འཛུགས་བསྐྲུན་ལས་གཞིའི་བདེ་འཇགས་ཆ་རྐྱེན་ལ་ཞིབ་བཤེར་རྩིས་ལེན”དང་། “ཉེན་ཁ་ཅན་གྱི་རྫས་འགྱུར་ཐོན་རྫས་ཀྱི་ཁེ་ལས་འཛུགས་བསྐྲུན་ལས་གཞིའི་བདེ་འཇགས་སྒྲིག་ཆས་ཀྱི་ཇུས་འགོད་ལ་རྩིས་བཤེར་བྱེད་པར་རྩད་གཅོད་བྱེད་པ།” “ཉེན་ཁ་ཅན་གྱི་རྫས་འགྱུར་ཐོན་རྫས་ཀྱི་ཁེ་ལས་བདེ་འཇགས་ཐོན་རྫས་ཆོག་མཆན་དཔང་ཡིག་ལ་ཞིབ་བཤེར་ཕྱིར་འགྲེམས་བྱེད་པ”སོགས་ཀྱི་སྲིད་དོན་ཆོག་མཆན་ལས་དོན་མང་པོ་ཞིག་དྲ་སྟེང་ནས་སྒྲུབ་པ་དང་། རང་ནུས་ཅི་ལྕོགས་ཀྱིས་བརྒྱུད་རིམ་ཧྲིལ་པོ་དྲ་སྟེང་ནས་སྤེལ་བ་དང་ཁྱོན་ཡོངས་ནས་སྲིད་དོན་ཆོག་མཆན་དངོས་སུ་ལག་བསྟར་བྱེད་པ་དང་། སྤྱི་གཞུང་ཞབས་ཞུའི་ལས་དོན་དག་དྲ་སྟེང་ནས་བསྒྲུབ་པའི་དགོས་མཁོ་ཡོངས་སུ་བསྐངས་པ་རེད།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། ཟླ་ངོ་གཅིག་ཙམ་གྱི་རིང་ལ། ཞིང་ཆེན་བདེ་འཇགས་ལྟ་སྐུལ་དོ་དམ་ཅུའུ་ཡི་སྒེའུ་ཁུང་གིས་སྲིད་དོན་ཞིབ་བཤེར་ཆོག་མཆན་དང་།སྤྱི་གཞུང་ཞབས་ཞུའི་ལས་དོན་རིགས་ཁྱོན་བསྡོམས་རིགས་མི་འདྲ་བ49བསྒྲུབས་པ་དང་། དྲ་སྟེང་ནས་ཐོག་མར་ཞིབ་བཤེར་བྱས་པའི་ལས་དོན་རིགས48ཡོད་ལ། དྲ་སྟེང་ནས་ལས་སྒྲུབ་བྱས་པའི་ཚད་གཞི98%སླེབས། ཞིང་ཆེན་སྲིད་གཞུང་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་ཁྱོན་ཡོངས་ནས་སྲིད་དོན་ཆོག་མཆན་གྱི་དྲ་སྟེང་གཞུང་སྒྲུབ་དགོས་མཁོ་གཞིར་བཟུང་སྟེ། ཞིང་ཆེན་བདེ་འཇགས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་སྲིད་གཞུང་གི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ལྷག་མའི་ལས་རིགས་རིགས་མི་འདྲ་བ9ལྷག་ལ་སྲིད་དོན་ཆོག་མཆན་གྱི་ལས་དོན་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ནས་ལས་དོན་ཡོད་ཚད་དྲ་སྟེང་ནས་བསྒྲུབ་པའི་རྣམ་པ་མངོན་འགྱུར་བྱས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།