མཚོ་སྔོན་གྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསུམ་གྱི་ཐོབ་ཐང་མེད་པར་བཟོས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།    གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་གསར་བསྐྲུན་བྱ་ཆེད།  ཉེ་དུས།   ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས་གྲུབ་པའི་ཁོར་སྲུང་ལྟ་སྐུལ་ལེགས་བཅོས་ལས་འགན་ཞིབ་བཤེར་རྩིས་ལེན་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་།   རྨ་ཆེན་རྫོང་ཨ་མྱེས་རྨ་ཆེན་ལྗོངས་ཁུལ་དང་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་ལྗོངས་ཁུལ། ཡུལ་ཤུལ་རྫོང་རོང་པོ་ཐང་ལྗོངས་ཁུལ་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས།      ཡུལ་སྐོར་ལྗོངས་ཁུལ་སྤུས་ཚད་རིམ་པ་དཔྱད་ཞིབ་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་ཞིབ་འཇུག་བྱས་པ་བརྒྱུད།    རྨ་ཆེན་རྫོང་ཨ་མྱེས་རྨ་ཆེན་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ། ཡུལ་ཤུལ་རྫོང་རོང་པོ་ཐང་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་བཅས་ཡུལ་སྐོར་ལྗོངས་ཁུལ་འདི་གསུམ་པོའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཐག་གཅོད་བྱས།     ད་སྔ་ལྗོངས་ཁུལ་འདི་གསུམ་པོར་ཡུལ་སྐོར་གྱི་ཆ་རྐྱེན་མི་འཛོམས།

རྒྱུས་ལོན་པ་ལྟར་ན།    《ཡུལ་སྐོར་ལྗོངས་ཁུལ་སྤུས་ཚད་རིམ་པའི་དཔྱད་ཞིབ་གཏན་འབེབས་དང་དབྱེ་འབྱེད》རྒྱལ་ཁབ་ཚད་གཞི་དང་ཞིབ་ཕྲའི་ལག་བསྟར།  《ཡུལ་སྐོར་ལྗོངས་ཁུལ་སྤུས་ཚད་རིམ་པའི་དོ་དམ་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས་གྲུབ་པའི་ཁོར་སྲུང་ལྟ་སྐུལ་ལེགས་བཅོས་ལས་འགན་ཞིབ་བཤེར་རྩིས་ལེན་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་།   རྨ་ཆེན་རྫོང་ཨ་མྱེས་རྨ་ཆེན་ལྗོངས་ཁུལ་དང་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་ལྗོངས་ཁུལ། ཡུལ་ཤུལ་རྫོང་རོང་པོ་ཐང་ལྗོངས་ཁུལ་གྱི་ཞབས་ཞུའི་སྒྲིག་ཆས་དང་བདེ་འཇགས་དོ་དམ།  སྤྱོད་ཁང་བསྒྱུར་བཅོས།  ཁྲོམ་རའི་སྒྲིག་ལམ།  དངོས་གོང་དོ་དམ།  ཁོར་ཡུག་དང་ཞབས་ཞུའི་སྤུས་ཚད་སོགས་ཀྱི་གནས་ཚུལ་ལ་གཅིག་བསྡུས་ཞིབ་བཤེར་བྱས།    ཡུལ་དངོས་རྟོག་ཞིབ་དང་རྒྱུ་ཆ་ལྟ་ཀློག་བྱས་པ་བརྒྱུད། མགོ་ལོག་ཁུལ་རྨ་ཆེན་རྫོང་ཨ་མྱེས་རྨ་ཆེན་ལྗོངས་ཁུལ(AAA)དང་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་ལྗོངས་ཁུལ(AAAA)། ཡུལ་ཤུལ་རྫོང་རོང་པོ་ཐང་ལྗོངས་ཁུལ(AAA)གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དབུས་ཁུལ་གྱི་མངའ་ཁོངས་ནང་བཅུག     ཡུལ་སྐོར་ལྗོངས་ཁུལ་སྤུས་ཚད་རིམ་པ་དཔྱད་ཞིབ་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་ཞིབ་འཇུག་བྱས་པ་བརྒྱུད།    རྨ་ཆེན་རྫོང་ཨ་མྱེས་རྨ་ཆེན་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ། ཡུལ་ཤུལ་རྫོང་རོང་པོ་ཐང་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་བཅས་ཡུལ་སྐོར་ལྗོངས་ཁུལ་འདི་གསུམ་པོའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཐག་གཅོད་བྱས།  

ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་འཆར་འགོད་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་ལྟར་ན། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་སླར་གསོ་བྱ་ཆེད།   ད་སྔ་ལྗོངས་ཁུལ་ནང་གི་དེ་སྔའི་རླངས་འཁོར་འདུག་ས་དང་ཡུལ་སྐོར་པ་རྐང་ཐང་ལ་བགྲོད་སའི་ལམ།  ཡུལ་སྐོར་མཚོན་བྱང་སོགས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་ཆ་ཚང་བཤིགས་ཏེ།  ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དེ་གཙང་གསུམ་འབྱུང་ཡུལ་དོ་དམ་ཅུའུ་དོ་དམ་སྲུང་སྐྱོབ་ཁང་པ་རུ་བསྒྱུར་ཟིན་པས།   ད་ལྗོངས་ཁུལ་འདི་གསུམ་པོར་ཡུལ་སྐོར་གྱི་ཆ་རྐྱེན་མི་འཛོམས་ཟེར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།