ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་སྟོབས་རྒྱལ་གྱིས་ཨང་གསུམ་པ་བླངས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ8པའི་ཚེས25ཉིན། ཡ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པའི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད།  ཀྲུང་གོའི་རུ་ཁག་གི་བོད་རིགས་ཕོ་གཞོན་སྟོབས་རྒྱལ་གྱིས་ཆུ་ཚོད2དང་སྐར་མ18དང་སྐར་ཆ48ཡི་གྲུབ་འབྲས་ཐོག་ནས་ཟངས་ཀྱི་རྟགས་མ་བླངས་ཡོད་པ་དེ་ནི།  ཡ་གླིང་ལུས་རྩལ་འགྲན་ཚོགས་ཁྲོད་ཀྲུང་གོའི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ནང་ཐོབ་པའི་གྲུབ་འབྲས་ཡག་ཤོས་རེད།