ལྷད་མེད་ལག་རྩལ་གསར་བ་བཀོལ་ནས་སྙིགས་གཏོང་ནུས་གྲོན་བྱ་གཞག་འཕེལ་རྒྱས་སུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཐོན་ལས་ཅན་གྱི་ཞིང་ཆེན་དང་འོད་ནུས་ཤོང་ཚད་ཆེ་བའི་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པ་དང་། མཁོ་འདོན་བཅོས་སྒྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་ཀྱིས་རང་རྒྱལ་གྱི་ནུས་ཁུངས་ལྷད་མེད་ཅན་ལ་སྐུལ་འདེད་ཀྱིས་དྭངས་གཙང་ནུས་ཁུངས་མཁོ་འདོན་གྱི་སྡུར་ཚད་མཐོར་འདེགས་ཀྱིས་དུས་ལྟར་མཚོ་ཤར་གྲོང་ཁྱེར་གྱིས་བཏོན་པའི་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་ཀྱི་དཔེར་མཚོན་རྟེན་གཞི་གསར་འཛུགས་དང་ནུས་ཁུངས་གསར་བའི་ལག་རྩལ་ཞིབ་འཇུག་གི་དཔེར་མཚོན་རྟེན་གཞི། ཞིང་ཆེན་ཡོངས་ཀྱི་ཆེས་གལ་ཆེ་བའི་འོད་ནུས་གློག་འདོན་སྒྲིག་གཞི་གསར་བཟོའི་རྟེན་གཞི་བཅས་ལ་བརྟེན་ནས་ཀུན་འདུས་རང་བཞིན་གྱི་ནུས་ཁུངས་གསར་བའི་ཚན་རྩལ་ཁེ་ལས་ཐད་ལ་འཕེལ་རྒྱས་ཀྱི་གོ་སྐབས་གང་ལེགས་འདོན་སྤྲོད་བྱེད་རྒྱུ་ཡིན་ཞེས་ཞིང་ཆེན་དམངས་ཆེན་འཐུས་མི་ལོའུ་ཁུ་ཡིས་བཤད་པ་རེད།

ཞིང་ཆེན་དམངས་ཆེན་འཐུས་མི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་ལོའུ་ཁུ་ནི་མཚོ་སྔོན་ཀུན་འདུས་ནུས་ཁུངས་གསར་བའི་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྤྱིའི་འགན་འཛིན་པ་ཡིན་ལ། 2012ལོར་ཁེ་ལས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ལག་རྩལ་ཆེས་མཐོའི་ཁེ་ལས་དེ་གསར་འཛུགས་བྱས་ཤིང་། དེས་ནུས་ཤུགས་གང་ཡོད་གློག་གསོག་ཞིབ་འཇུག་གསར་གཏོད་དང་ཐོན་སྐྱེད་ཁྲོད་བཀོལ་བ་དང་དེ་མིན་ནུས་ཁུངས་གསར་བའི་གློག་གསོག་རྨང་གཞིའི་སྒྲིག་ཆས་ཐད་མ་རྩ་གཏོང་བ་དང་འཛུགས་བསྐྲུན། ཚོང་གཉེར་བཅས་བྱེད་བཞིན་ཡོད། ཀུང་ཟི་དེ་ནི་མཚོ་སྔོན་ཀྲུང་གོན་སྡེ་བའི་མཐོ་གསར་ལག་རྩག་ཐོན་ལས་ཀྱི་རྟེན་གཞི་ཡིན་ལ། དེ་ཡང་གསར་འཛུགས་བྱས་པ་ནས་བཟུང་ཀུན་འདུས་ཀུང་ཟིས་སྔ་གཞུག་ཏུ་རྒྱལ་ཁབ་ཚན་རྩལ་པུའུ་ཡི་དཔལ་འབར་རྣམ་གྲངས་དང་རྒྱལ་ཁབ་ཚན་རྩལ་པུའུ་ཡི་ཁེ་ལས་ཆུང་འབྲིང་གི་ལག་རྩལ་གསར་གཏོད་ཐེབས་རྩའི་རྣམ་གྲངས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཀྲུང་མེ་བསྐྱར་ཐོན་ནུས་ཁུངས་མཉམ་ལས་རྣམ་གྲངས། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཆེས་ཐོག་མའི་སྦྲེལ་དྲ+རིག་ནུས་ནུས་ཁུངས་རྣམ་གྲངས། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ཚན་རྩལ་ཆེད་དོན་གཙོ་བོ། མཚོ་སྔོན་ཞིང་ཆེན་ཚན་རྩལ་རྒྱབ་རྟེན་འཆར་གཞིའི་རྣམ་གྲངས། ཞིང་ཆེན་རིམ་པའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་སོགས་རྩ་འཛུགས་ཀྱིས་གཟེངས་བསྟོད་རབས་དང་རིམ་པ་ཐོབ། མིག་སྔར་ཀུང་ཟི་དེར་ཆེད་ཁེ་དབང་ཆ་རིགས20དང་དེའི་ཁྲོད་ཆེད་ཁེ་གསར་གཏོད་རང་བཞིན་རིགས14ཡོད།

ལོའུ་ཁུ་ཡིས་བསྟན་དོན། རང་ཉིད་ནི་ཁེ་ལས་ཀྱི་འཐུས་ཚབ་པ་ཞིག་ཡིན་པའི་ཆ་ནས་སྙན་ཞུའི་ཁྲོད་བཏོན་པའི2018ལོའི་བྱ་བའི་གཙོ་གནད་ཁྲོད་བཀོད་སྒྲིག་བྱས་པའི་རྣམ་གྲངས་བརྒྱད་ལས་སྐྱེ་ཁམས་དཔལ་ཡོན་སྒྲིག་གཞིའི་བཅོས་སྒྱུར་གྱི་གོམ་སྟངས་ཇེ་མགྱོགས་སུ་བཏང་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འཕེལ་རིམ་གསར་བ་ལ་སྐུལ་འདེད་བྱེད་པའི་བྱ་བའི་དགོས་མཁོ་གཞིར་བཟུང་ནས་རང་ཉིད་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་མ་འོངས་བའི་འཆར་གཞི་བརྒྱུད་ཕྱོགས་གཉིས་ཀྱི་བྱ་བའི་དོན་དངོས་དང་སྙན་ཞུའི་དགོས་འདོད་ལ་སྐུལ་འདེད་དང་ལག་བསྟར་བྱེད་པ། ངོ་སྤྲོད་བྱས་པ་ལས་ཤེས་གསལ་ལྟར་ན། མཚོ་སྔོན་ཀུན་འདུས་ནུས་ཁུངས་ཀྱིས་མཚོ་སྔོན་གྱི་འོད་ནུས་གློག་འདོན་ས་ཚིགས་ཁྲོད་ཀྱི་སྒྲིག་གཞིའི་གློག་རྡུལ་མ་ལག་གི་གསོག་ནུས་དང་གློག་དྲའི་ཕྱིར་གཏོང་ནུས་པ་མི་འདང་བ་ལས་བྱུང་བའི་འཕེལ་རྒྱས་ཚད་བཀག་གི་འོད་ནུས་གློག་ནུས་གསོག་འཇོག་ལས་གློག་དྲ་བརྒྱུད་ཕྱིར་གཏོང་ནང་འདྲེན་གྱི་ནུས་པ་དེ་གསོག་འཇོག་བྱས་པ་ལས་གློག་ནུས་ལས་གློག་དྲར་འཇུག་པ་དང་རིམ་བཞིན་འོད་ནུས་གློག་འདོན་དེ་མཐོ་རླབས་ཀྱི་དུས་སུ་དེད་པ་མ་ཟད། འོད་ཕྱིར་གཏོང་བྱེད་པའི་ཚད་གཞི་དེ་ཇེ་དམའ་རུ་བཏང་ནས་ནུས་ཁུངས་གསར་བའི་གློག་ནུས་ཀྱི་བེད་སྤྱོད་ཚད་གཞི་དེ་མཐོར་འདེགས་ཀྱིས་ནུས་ཁུངས་ཀྱི་སྒྲིག་གཞིའི་ཁྲོད་བཅོས་སྒྱུར་གྱི་བྱེད་ནུས་ལ་སྐུལ་འདེད་ངེས་ཅན་ཞིག་བྱས་ཡོད། དེ་ལས་གཞན། མཚོ་སྔོན་ཀུན་འདུས་ཀྱིས་རྒྱལ་ཡོངས་སུ་འོད་གསོག་ངོ་བོ་གཅིག་ཅན་གྱི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་ཆས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བྱས་ཤིང་། གློག་སྒུལ་རླངས་འཁོར་གྱི་གློག་གསོག་དཀའ་བའི་གནད་དོན་དེ་དག་ཐག་གཅོད་བྱས་པ་མ་ཟད། ད་རུང་གློག་སྒུལ་རླངས་འཁོར་གྱི་འོད་ནུས་ངོ་མ་སྤྱོད་པའི་ནུས་ཁུངས་གསར་བའི་གློག་ཤུགས་གློག་གསོག་ལ་སྐུལ་འདེད་ཆེན་པོ་བྱས་ཤིང་། གློག་རྡུལ་རླངས་འཁོར་གྱི་ནུས་ཁུངས་གསར་བ་དེས་སྙིགས་གཏོང་ནུས་གྲོན་མངོན་འགྱུར་དང་ཐན་དམའ་བའི་འཕེལ་རྒྱས་ཐད་བྱས་རྗེས་བཞག་ཡོད་ཟེར།

ལོའུ་ཁུ་ཡིས་གསར་འགོད་པའི་བཅའ་འདྲི་དང་ལེན་སྐབས་བཤད་དོན། གཞུག་ཕྱོགས་ཀྱི་བྱ་བའི་ཁྲོད་ངས་དོན་དངོས་དང་ཟུང་འབྲེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པའི་དགོས་མཁོ་དང་ཧྲུའུ་ཅི་ཝང་ཀོ་ཧྲིན་གྱིས་བཏོན་པའི་བསྒྱུར་བ་བཞིའི་ཁྲོད་དཔལ་འབྱོར་ཆུང་གྲས་ཀྱི་ཞིང་ཆེན་ནས་སྐྱེ་ཁམས་ཅན་གྱི་ཞིང་ཆེན་དང་སྐྱེ་ཁམས་ལ་ཤུགས་དྲགས་པའི་ཞིང་ཆེན་སྟོབས་ལྡན་དུ་འགྱུར་བའི་འཐབ་ཇུས་ལས་དྭངས་གཙང་ཐན་དམའ་ལ་བརྩོན་ལེན་དང་ལྗང་མདོག་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བྱེད་པའི་སྙིགས་གཏོང་ནུས་གྲོན་དང་ཐན་དམའི་ཁོར་སྲུང་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་རྒྱུ་ཡིན་ཞེས་བཤད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།