མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་སྐབས་དྲུག་པའི་ཕུལ་བྱུང་དགེ་རྒན་བཅུ་དང་། ཕུལ་བྱུང་སློབ་གཙོ་བཅུ་ཡི་འོས་འདེམས་མིང་ཐོ་ཡོངས་བསྒྲགས།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་གིསམཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་དང་སློབ་གསོ་ལས་གཉེར་བའི་གཟེངས་རྟགས་གཏན་འབེབསཀྱི་དགོངས་དོན་ལྟར། མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་སློབ་གྲྭ་ཆུང་འབྲིང་གི་ཕུལ་བྱུང་དགེ་རྒན་བཅུ་དང་། ཕུལ་བྱུང་སློབ་གཙོ་བཅུ་འོས་འདེམས་བྱུང་བའི་མིང་ཐོ་ཡོངས་བསྒྲགས་བྱས་པ་གཤམ་གསལ།

དང་པོ། མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་སློབ་གྲྭ་ཆུང་འབྲིང་གི་ཕུལ་བྱུང་དགེ་རྒན་བཅུ་ཡི་འོས་འདེམ་མི་སྣ།

འཇིགས་མེད། ཕོ། བོད་རིགས། 1973ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ཕྱག་ལས་གཉེར་ནས་ལོ22འགོར།  མཐོ་རིམ་དགེ་རྒན་གྱི་ལས་ཐོབ། གཅན་ཚྭ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན།

མཱ་ཀྲན་ཧྥུ། ཕོ། ཧུའེ་རིགས། 1973ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ཕྱག་ལས་གཉེར་ནས་ད་བར་དུ་ལོ22སོང་། མཐོ་རིམ་དགེ་རྒན་གྱི་ལས་ཐོབ།  བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་གི་སློབ་འབྲིང་དང་པོའི་དགེ་རྒན་ཡིན།

མཱ་ཏེ་ཧྥེང་།   མོ།  ཧུའེ་རིགས། 1973ལོར་སྐྱེས།   ཆེད་གཉེར་སློབ་ཆེན་གྱི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ད་བར་དུ་ལོ26སོང་། མཐོ་རིམ་དགེ་རྒན་གྱི་ལས་ཐོབ། རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་བཅའ་སྡོད་རིམ་པ་དང་པོའི་སློབ་འབྲིང་གི་དགེ་རྒན།

ཝང་ཀྲི་ཀུང་།  ཕོ་རྒྱ་རིགས། 1974ལོར་སྐྱེས།  སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ད་བར་དུ་ལོ19འགོར།  མཐོ་རིམ་དགེ་རྒན་གྱི་ལས་ཐོབ། ཁྲི་ཀ་རྫོང་ཆུ་ཤར་བཅའ་སྡོད་སློབ་གྲྭའི་དགེ་རྒན།

རྡོ་རྗེ། ཕོ། བོད་རིགས། 1970ལོར་སྐྱེས། ཞིབ་འཇུག་སློབ་མའི་ཡོན་གནས།  སློབ་གསོ་ལས་ཀ་གཉེར་ནས་ད་བར་དུ་ལོ26སོང་། མཐོ་རིམ་དགེ་རྒན་གྱི་ལས་ཐོབ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན།

ཨན་མན་ལིན། མོ། རྒྱ་རིགས། 1976ལོར་སྐྱེས། སློབ་གསོ་ལས་ཀ་གཉེར་ནས་ད་བར་དུ་ལོ19ཟིན།  མཐོ་རིམ་དགེ་རྒན་གྱི་ལས་ཐོབ། གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སློབ་འབྲིང་དང་པོའི་དགེ་རྒན།

ཝུའུ་སུའུ་ཀྲོའུ། ཕོ། རྒྱ་རིགས།  1978ལོར་སྐྱེས། ཞིབ་འཇུག་སློབ་མའི་ཡོན་གནས། སློབ་གསོ་ལས་ཀ་གཉེར་ནས་ད་བར་དུ་ལོ19འགོར། མཐོ་རིམ་དགེ་རྒན་གྱི་ལས་ཐོབ། མཚོ་སྔོན་སྣུམ་ཞིང་སློབ་འབྲིང་དང་པོའི་དགེ་རྒན།

ཀྲེང་ཧེན་ཕིང་། མོ། རྒྱ་རིགས། 1969ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་བྱ་བ་གཉེར་ནས་ལོ29འགོར།  མཐོ་རིམ་དགེ་རྒན་གྱི་ལས་ཐོབ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་གི་དགེ་རྒན།

ཧེ་ཡིང་ཅུས། མོ། རྒྱ་རིགས། 1972ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས་ཡིན། སློབ་གསོའི་བྱ་བ་གཉེར་ནས་ལོ28སོང་། མཐོ་རིམ་དགེ་རྒན་གྱི་ལས་ཐོབ།  རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་(园林)དགའ་ཚལ་སློབ་ཆུང་གི་དགེ་རྒན།

ཚེ་ལྷ། མོ། བོད་རིགས། 1975ལོར་སྐྱེས།  སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ལོ25འགོར། མཐོ་རིམ་དགེ་རྒན་གྱི་ལས་ཐོབ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན།

གཉིས་པ།  མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་སློབ་གྲྭ་ཆུང་འབྲིང་གི་ཕུལ་བྱུང་སློབ་གཙོ་བཅུའི་འོས་འདེམས་མི་སྣ།

ཡི་དམ་རྡོ་རྗེ། ཕོ། བོད་རིགས། 1970ལོར་སྐྱེས། ཆེད་གཉེར་སློབ་ཆེན་གྱི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ལོ28འགོར། མཐོ་རིམ་དགེ་རྒན་གྱི་ལས་ཐོབ། བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ།

ཧྥུ་ཧུའེ་ལི།  མོ། རྒྱ་རིགས། 1972ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ལོ20འགོར། མཐོ་རིམ་དགེ་རྒན་གྱི་ལས་ཐོབ། ན་གོར་མོ་གྲོང་ཁྱེར་གྱི་སློབ་འབྲིང་བདུན་པའི་སློབ་གཙོ།

ཧྥེན་ཅིན་ཞིན། ཕོ། རྒྱ་རིགས།  1961ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ལོ34འགོར། མཐོ་རིམ་དགེ་རྒན་གྱི་རིམ་པ་དང་པོ་ཡིན། མཚོ་སྔོན་དགེ་ཐོན་སློབ་ཆེན་ཟུར་གཏོགས་སློབ་འབྲིང་གཉིས་པའི་སློབ་གཙོ།

རྡོ་རྗེ་སྒྲོལ་མ།  མོ། བོད་རིགས། 1978ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ལོ19འགོར། མཐོ་རིམ་དགེ་རྒན་གྱི་ལས་ཐོབ། ཡུལ་ཤུལ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གཉིས་པའི་སློབ་གཙོ།

ཀླུ་རྒྱལ་ཚེ་རིང་། ཕོ། བོད་རིགས། 1980ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ལོ20འགོར། མཐོ་རིམ་དགེ་རྒན་གྱི་ལས་ཐོབ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་སློབ་གཙོ།

ཝང་ཞའོ་ཧུའེ། མོ། ཧུའེ་རིགས། 1971ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ལོ27འགོར། མཐོ་རིམ་དགེ་རྒན་གྱི་ལས་ཐོབ། ཟི་ལིང་གྲོང་ཁྱེར་ཞའོ་ཆུན་སློབ་ཆུང་གི་སློབ་གཙོ།

ལིན་ལུའུ་ཧྲན། ཕོ།  ཧོར་རིགས། 1971ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ལོ27འགོར། མཐོ་རིམ་དགེ་རྒན་གྱི་ལས་ཐོབ།མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་གཙོ།

བློ་དགའ། ཕོ། བོད་རིགས། 1978ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ལོ18འགོར། མཐོ་རིམ་དགེ་རྒན་གྱི་ལས་ཐོབ། དར་ལག་རྫོང་སྡེར་ནང་ཤང་བཅའ་སྡོད་བོད་ཡིག་སློབ་ཆུང་གི་སློབ་གཙོ།

ཕུའུ་ཡུང་ལུའུ། ཕོ། རྒྱ་རིགས། 1965ལོར་སྐྱེས། སློབ་ཆེན་དངོས་གཞིའི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ལོ36འགོར། མཐོ་རིམ་དགེ་རྒན་གྱི་ལས་ཐོབ། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་སློབ་འབྲིང་དང་པོའི་སློབ་གཙོ།

ཞུས་ཝའེ་ཕིང་། ཕོ། རྒྱ་རིགས། 1961ལོར་སྐྱེས།འབུམ་རམས་པའི་ཡོན་གནས། སློབ་གསོའི་ལས་ཀ་གཉེར་ནས་ལོ36འགོར། མཐོ་རིམ་དགེ་རྒན་རིམ་པ་དང་པོ་ཡིན། ཟི་ལིང་གྲོང་ཁྱེར་ཧུའུ་ཐའེ་སློབ་འབྲིང་གི་སློབ་གཙོ།

གནས་ཚུལ་འདི2018ལོའི་ཟླ8པའི་ཚེས24ཉིན་ནས་ཚེས30བར་བསྒྲགས་པ་ཡིན་ལ། དེའི་རིང་དུ་བསམ་ཚུལ་ཡོད་ན།  ཁ་པར་དང་། འཕྲིན་ལམ་ནས་མིང་བཀོད་དེ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་དགེ་རྒན་ལས་དོན་ཁྲུའུ་ལ་དོན་དངོས་བདེན་འཚོལ་དང་། ལུགས་མཐུན་དྲང་གཞག་གི་སྒོ་ནས་འདོན་རོགས།  ཁ་པར་ཨང་གྲངས0971-6310741ཡིན།

ས་གནས། ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ལྔ་བཞི་ནུབ་ལམ་ཨང་རྟགས35བ་ཡིན། (སྦྲགས་ཨང་། 810008)

ཞེས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས།

2018ལོའི་ཟླ8པའི་ཚེས24ཉིན་ལ།

ལོ་ཙཱ་བ། ཁོན་ཐར་འཚོ།