2019ལོའི་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པའི་དུས་ཚོད་གཏན་ཁེལ་བྱས་འདུག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ8པའི་ཚེས22ཉིན། 《2019ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་བསྡུའི་རྒྱུགས་ལེན་སྤྱི་བསྒྲགས》དང《2019ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་བསྡུ་བྱ་བའི་དོ་དམ་གཏན་འབེབས》སྤྱི་བསྒྲགས་ལྟར་ན།  2019ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་བསྡུའི་རྒྱུགས་ལེན་གྱི་ཐོག་མའི་ཡིག་རྒྱུགས་ལེན་པའི་དུས་ཚོད2018ལོའི་ཟླ12པའི་ཚེས22ཉིན་ནས་ཟླ12པའི་ཚེས23ཉིན་བར་རེད།  

སྔོན་ལ་དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད།  

2018ལོའི་ཟླ9པའི་ཚེས24ཉིན་ནས་ཟླ9པའི་ཚེས27བར་རེད།

དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད།  

2018ལོའི་ཟླ10པའི་ཚེས10ཉིན་ནས་ཟླ10པའི་ཚེས31ཉིན་གྱི་ཉིན་རེའི་དུས་ཚོད9:00-22:00བར་རེད།

ཡུལ་དངོས་ནས་ངོས་འཛིན་བྱེད་པའི་དུས་ཚོད།

ཡུལ་དངོས་ནས་ངོས་འཛིན་བྱེད་པའི་ཞིབ་ཕྲའི་དུས་ཚོད་ཞིང་ཆེན་རིམ་པའི་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་ལས་ཁུངས་སོ་སོས་ས་གནས་རང་གི་རྒྱུགས་ལེན་མིང་ཐོ་བཀོད་པའི་གནས་ཚུལ་ལྟར་གཏན་འཁེལ་དང་སྤྱི་བསྒྲགས་བྱ་དགོས།

རྒྱུགས་སྤྲོད་འཛིན་ཡིག་ལེན་པའི་དུས་ཚོད།

2018ལོའི་ཟླ12པའི་ཚེས14ཉིན་ནས་ཟླ12པའི་ཚེས24ཉིན་བར་རེད།

ཐོག་མའི་ཡིག་རྒྱུགས་ལེན་པའི་དུས་ཚོད།

2018ལོའི་ཟླ12པའི་ཚེས22ཉིན་ནས་ཟླ12པའི་ཚེས23ཉིན་བར་རེད།

ཉིན་རེའི་སྔ་དྲོས་དུས་ཚོད8:30-11:30། ཕྱི་དྲོས་དུས་ཚོད14:00-17:00།

དུས་ཚོད3བརྒལ་པའི་རྒྱུགས་གཞི་ཟླ12པའི་ཚེས24ཉིན་ལེན་རྒྱུ་རེད།

(འགོ་རྩོམ་པའི་དུས་ཚོད8:30ཡིན་ལ། མཇུག་བསྡུ་དུས་ཚོད་དེ་སློབ་བསྡུ་ལས་ཁུངས་ཀྱིས་ཐག་གཅོད་བྱ་དགོས། དུས་ཚོད14:30ལས་བརྒལ་མི་རུང་། )

ལོ་ཙཱ་བ། ལྷ་ཆེན་རྒྱལ།