མདོ་ལ་རྫོང་ཁྲིམས་ཁང་གིས་ངལ་རྩོལ་གན་རྒྱའི་གྱོད་གཞི་ཞིག་འདུམ་འགྲིག་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་བའི་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མི་དམངས་ཁྲིམས་ཁང་གིས་ཞིང་པ་ངལ་རྩོལ་པ39ཡི་ངལ་རྩོལ་ལས་ཕོགས་ཀྱི་ངལ་རྩོལ་གན་རྒྱའི་རྩོད་གླེང་གྱོད་གཞི་ཞིག་འདུམ་འགྲིག་བྱས།

2017ལོའི་ཟླ3པར་ངལ་རྩོལ་པ39གྱོད་ཡ་ཀུང་ཟིའི་ལས་ཡུལ་དུ་ངལ་རྩོད་བྱེད་དུ་སོང་སྟེ། ཕྱོགས་གཉིས་ཀས་མི་རེའི་ཉིན་རེའི་ལས་ཕོགས་སྒོར180གཏན་འཁེལ་བྱས། ཡིན་ནའང་ཞུ་གཏུག་མཁན39ཡིས་དཀའ་ལས་བརྒྱབ་ནས་ཟླ་འགའི་རིང་ལ་ངལ་རྩོལ་བྱས་རྗེས། གྱོད་ཡ་ཀུང་ཟིས་མ་དངུལ་འཁོར་རྒྱུག་བྱེད་མ་ཐུབ་པས་ཞུ་གཏུག་མཁན39བོར་ལས་ཕོགས་སྟེར་མ་ཐུབ་པར་ཆད་ཡིག་བྲིས་ནས་བཞག རྗེས་ནས་ཞུ་གཏུག་མཁན39ཡིས་གྱོད་ཡ་ཀུང་ཟི་ལ་ལས་ཕོགས་འདེད་དུ་སོང་ནའང་གྱོད་ཡ་ཀུང་ཟིས་རྒྱུ་རྐྱེན་སྣ་ཚོགས་བཙལ་ནས་ལས་ཕོགས་སྟེར་བར་ཕྱི་འགྱང་བྱས། ཞུ་གཏུག་མཁན39པོ་འུ་ཐུག་སྟེ་གྱོད་ཡ་ཀུང་ཟི་མདོ་ལ་རྫོང་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་རེད།

འགན་སྒྲུབ་ཁྲིམས་དཔོན་གྱིས་གྱོད་གཞི་ལ་ཞིབ་ཕྲའི་སྒོ་ནས་ཞིབ་འཇུག་བྱས་རྗེས། ཞུ་གཏུག་མཁན39ཡིས་གཏུག་པའི་ལས་ཕོགས་ལེན་པའི་རྩོད་གཞི་དེ་དོན་དངོས་ཁ་གསལ་དང་བདེན་དཔང་ཁུངས་བཙན་ཡོད་ལ་ཞུ་གཏུག་གི་སྒོར་གྲངས་ཅུང་མང་བས། འདུམ་འགྲིག་ཐག་གཅོད་བྱེད་པར་གཏན་འཁེལ་བྱས། འགན་སྒྲུབ་ཁྲིམས་དཔོན་གྱིས་གྱོད་ཡ་ཀུང་ཟིར་ཐེངས་མང་པོར་ཁ་པར་ལམ་ནས་འབྲེལ་གཏུགས་བྱས་ཏེ། ཁོ་ཚོ་གང་མྱུར་གྱིས་ཁྲིམས་ཁང་དུ་ཡོང་ནས་ཐེངས་འདིའི་གྱོད་གཞི་ཐག་གཅོད་བྱེད་པར་རེ་ཞུ་བྱས། ཐེངས་མང་པོར་བརྗེ་རེས་བྱས་པ་བརྒྱུད་གྱོད་ཡ་ཀུང་ཟིས་ཁྲིམས་དཔལ་ལ་བཤད་རྒྱུར། ཁོ་ཚོའི་ཀུང་ཟིས་མ་དངུལ་གནས་སྐབས་སུ་ཁག་པོ་ཡིན་ནས་མ་དངུལ་འདི་འདྲའི་མང་པོ་ཞིག་དངོས་ནས་ལེན་མི་ཐུབ་ཟེར། འགན་ལེན་ཁྲིམས་དཔོན་གྱིས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐད་ནས་ལངས་ནས། ཁོ་ཚོར་ཞིབ་ཕྲའི་སྒོ་ནས་ཁྲིམས་འགྲེལ་དོན་གསལ་གྱིས་བཤད་མཐར་གྱོད་ཡ་ཀུང་ཟིས་ཞུ་གཏུག་མཁན39ཡི་ལས་ཕོགས་མགྱོགས་མྱུར་གྱིས་སྟེར་བར་ཁས་ལེན་བྱས། ཡིན་ནའང་མ་དངུལ་འཁོར་རྒྱུག་ལ་དཀའ་ཁག་ཡོད་པས་ད་སྔ་ཆད་འགྱང་བྱས་པའི་སྒོར་ཁྲི72 དངོས་ནས་སྟེར་མི་ཐུབ་པས་ཁོ་ཚོར་དུས་ཚོད་ངེས་ཅན་ཞིག་སྟེར་རོགས་ཞེས་རེ་ཞུ་བྱས། འགན་སྒྲུབ་ཁྲིམས་དཔོན་གྱིས་ཞུ་གཏུག་མཁན39པོར་གྱོད་ཡའི་རྒྱུ་རྐྱེན་གསལ་བཤད་བྱས་རྗེས་ཁོ་ཚོས་གྲོས་བསྡུར་བྱས་ཏེ་རེ་ཞིག་བསྒུག་རྒྱུར་འཐད་པ་བྱུང་།

2018ལོའི་ཟླ4པའི་ཚེས3ཉིན། ཞུ་གཏུག་མཁན39དང་གྱོད་ཡ་ཀུང་ཟིས་འདུམ་འགྲིག་གན་རྒྱ་བཞག་སྟེ་ཟླ6པའི་ཟླ་སྨད་ལ་མ་དངུལ་ཡོངས་སུ་ཐེངས་གཅིག་ལ་སྟེར་རྒྱུས་གྲོས་ཁ་འཆམ།

ལོ་ཙཱ་བ།རྟ་མགྲིན་དཔལ།