མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་རྒྱལ་ཁབ་ཕྱི་ནང་ལ་འགྲོ་བར་ལག་འཁྱེར་ལེན་པའི་ཐད་དམངས་ཕན་གྱི་བྱེད་ཐབས་བདུན་བཏོན་འདུག

2017ལོར་མཚོ་སྔོན་ཞིང་ཆེན་གྱི་སྡོད་དམངས་ཕྱི་འགྲོ་ནང་ཡོང་གི་སྤྱི་འབོར་དེ་མི་ཐེངས200472ལ་སླེབས་ཡོད་པ་དང་། དེ་ནི་དུས་མཉམ་ལས1.45%འཕར་ཡོད།

མི་སྒེར་གྱིས་དཔང་ཡིག་དང་གསལ་མཆན་ཐེངས193369བཀོད་པ་དང་། དེ་ནི་དུས་མཉམ་ལས8%འཕར་ཡོད་པ་རེད།

ཟླ5པའི་ཚེས2ཉིན་ནས་བཟུང་སྟེ། ཞིང་ཆེན་སྤྱི་བདེ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་ཀྱི་མང་ཚོགས་ཕྱི་ནང་འགྲོ་འོང་སྟབས་བདེ་ཡོང་བའི་བྱེད་ཐབས་རྣམ་པ་བདུན་བཏོན་ཏེ།  ལག་འཁྱེར་ལེན་པའི་གོ་རིམ་དང་། རང་འགུལ་གྱིས་ལག་འཁྱེར་ལེན་པ།  “ལས་རིམ་ཤར་གཏོང”ནས་མཁོ་བསྟུན་ལག་འཁྱེར་མྱུར་སྒྲུབ། སྙན་ཞུ་གོ་རིམ་སོགས་ཇེ་བདེ་རུ་བཏང་ལ། འདིས་རྒྱལ་ཁོངས་ཕྱི་ནང་དུ་འགྲོ་འོང་བྱེད་མཁན་རྣམས་ལ་ཕན་ཆ་ཆེ་ཞིང་། སྟབས་བདེ་བའི་འགྲོ་ལུགས་སྒྲུབ་སྟངས་ཤིག་མཁོ་འདོན་བྱས་ཡོད་པ་མ་ཟད། རང་ཁྱིམ་གྱི་སྒོ་ནང་ནས་འབྲེལ་ཡོད་དཔང་ཡིག་གམ་ལག་འཁྱེར་ལེན་ཐུབ་པ་ཞིག་བཟོས་འདུག  

དཔང་ཡིག་གམ་ལག་འཁྱེར་ལེན་པའི་གོ་རིམ་སྟབས་བདེར་བཏང་བ།

ཞིང་ཆེན་ནང་ཁུལ་གྱི་སྡོད་དམངས་རྒྱལ་ཁོངས་ཕྱི་ནང་འགྲོ་འོང་ལ་དགོས་པའི་འབྲེལ་ཡོད་དཔང་ཡིག་གམ་ལག་འཁྱེར་ལེན་པའི་སྙན་ཞུ་མཆན་འགོད་དེ་གློག་རྡུལ་ཅན་དུ་བསྒྱུར། རྫོང་རིམ་པའི་སྤྱི་བདེ་ཡི་རྒྱལ་ཁོངས་ཕྱི་ནང་འགྲོ་འོང་ཆེད་གཉེར་ལས་ཁུངས་ཀྱི་གྲོང་ཁྱེར(ཁུལ)དུ་ཕྱི་ནང་འགྲོ་འོང་གི་ལག་ཁྱེར་དང་གསལ་མཆན་ཆོག་འཐུས་ལས་ཀ་དེ་གློག་རྡུལ་ཐོག་ནས་བསྒྲུབ་རྒྱུ་ལག་བསྟར་བྱས།ལག་འཁྱེར་བཟོ་བའི་གོ་རིམ་ཇེ་བདེར་བཏང་བ།

ཞང་ཀང་དང་ཨོ་མན། ཐེ་ཝན་བཅས་སུ་བསྐྱོད་པར་ཡང་བསྐྱར་དུ་གསལ་མཆན་བཟོ་འགོད་བྱེད་པའི་འབྲེལ་ཡོད་དབང་ཆ་གཤམ་དུ་སྤྲད་དེ་དམིགས་སུ་ལག་འཁྱེར་བཟོ་བའི་གོ་རིམ་མེད་པར་བཏང་། གྲོང་ཁྱེར(ཁུལ)སྤྱི་བདེ་ཡི་རྒྱལ་ཁོངས་ཕྱི་ནང་འགྲོ་འོང་དོ་དམ་སྡེ་ཚན་གྱིས་རང་བདག་ནས་ཞང་ཀང་དང་ཨོ་མན། ཐེ་ཝན་ལ་ཡང་བསྐྱར་བསྐྱོད་པའི་གསལ་མཆན་བཟོ་འགོད་བྱས་ཆོག་ལ།  དེ་སྔ་སྡོད་དམངས་ཀྱི་ཐེམ་ཐོ་ཡོད་ས་ནས་ལག་འཁྱེར་དེ་རིགས་གསལ་མཆན་བཀོད་རྗེས་སུ་འབྲེལ་ཡོད་དཔང་ཡིག་ཞིང་ཆེན་སྤྱི་བདེ་ཐིང་དུ་བསྐྱལ་ནས་དེ་གར་གསལ་མཆན་བཟོ་འགོད་བྱེད་པའི་གོ་རིམ་མེད་པར་བཟོས་ཡོད།

ཞང་ཀང་དང་། ཨོ་མན། ཐེ་ཝན་བཅས་ཀྱི་ཡུལ་སྐོར་ཚོགས་པ་འགྲོ་འོང་གི་གསལ་མཆན་འགོད་པའི་ལས་སྒོ་དེ་རང་འགུལ་སྒྲིག་ཆས་ཐོག་བསྒྲུབ་ཆོག

ཞང་ཀང་དང་ཨོ་མན། ཐེ་ཝན་བཅས་སུ་འགྲོ་འོང་བྱེད་པའི་སྐུ་མགྲོན་གྱིས་ཟི་ལིང་ཚོགས་བརྒྱ་པའོ་གནམ་གྲུ་འབབ་ཐང་སྤྱི་བདེ་ཅུས་སོགས་སུ་མཁོ་བསྒྲིགས་བྱས་པའི་རང་འགུལ་སྒྲིག་ཆས་ཐོག་ལག་འཁྱེར་རམ་དཔང་ཡིག་བླངས་ཆོག

ལས་རིམ་ཤར་གཏོངགི་མཁོ་བསྟུན་ལག་འཁྱེར་མྱུར་སྒྲུབ་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་བ།

རྒྱལ་ཁོངས་ཕྱི་ནང་དུ་འགྲོ་འོང་གི་སྙན་ཞུ་རྒྱག་མཁན་ལ་གློ་བུར་བའི་རྐྱེན་ངན་བྱུང་བ་དང་། ནད་བཅོས་བྱེད་པ།  ནད་པར་འཚམས་འདྲི་ལ་འགྲོ་བ།  རྒྱལ་ཁོངས་ཕྱིའི་གློ་བུར་བའི་དོན་རྐྱེན་ཐག་གཅོད།  རྒྱལ་ཁོངས་བརྒལ་ནས་གྲོས་ཚོགས་གལ་ཆེན་ལ་མྱུར་དུ་ཞུགས་དགོས་པ་དང་ཡང་ན་གྲོས་མོལ་གལ་ཆེན་ལ་མྱུར་དུ་ཞུགས་དགོས་པ།  གན་རྒྱ་བཞག་ནས་རྒྱལ་ཕྱིར་སློབ་གཉེར་བྱེད་པའི་ཐོ་འགོད་ཉིན་མོ་སླེབས་ལ་ཉེ་བ།  འགྲོ་ཁར་འབྲེལ་ཡོད་དཔང་ཡིག་བོར་བརླག་ཐེབས་པ་ལ་སོགས་ཀྱི་གནས་ཚུལ་བྱུང་ཚེ།  རྒྱལ་ཁོངས་ཕྱི་ནང་འགྲོ་འོང་གི་ལག་འཁྱེར་དཔང་ཡིག་སྒྲུབ་ཡོད་པའི་མིས་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་ཁོངས་འགྲོ་འོང་ལག་འཁྱེར་ལེན་སའི“ལས་རིམ་ཤར་གཏོང”ནས་མྱུར་བ་མྱུར་དུ་འབྲེལ་ཡོད་དཔང་ཡིག་ལེན་ཐུབ།

གཟའ་པ་སངས་ཉིན་ལག་འཁྱེར་ལེན་ཆོག་པའི་ཞབས་ཞུ་མཁོ་འདོན་བྱས་ཡོད།

ལས་བྱེད་པ་དང་། སློབ་མ་བཅས་ཀྱི་ལག་འཁྱེར་ལེན་པར་སྟབས་བདེ་ཡོང་ཆེད་དུ།  གཟའ་པ་སངས་ལ་འབྲེལ་ཡོད་ལག་འཁྱེར་སྒྲུབ་ཆོག་པ་དང་། ཡང་ལག་འཁྱེར་ལེན་མཁན་ཤིན་ཏུ་མང་པ་དང་། ཡང་ན་གུང་གསེང་སྔ་རོལ་ཏུ་ལག་འཁྱེར་ལེན་མཁན་མང་དུས་ཉིན་སྡེབ་ནས་ལག་འཁྱེར་གྱི་འབྲེལ་ཡོད་ཞབས་ཞུ་བསྒྲུབ་རྒྱུ།

སྙན་ཞུ་རྒྱག་རྒྱུའི་རྒྱུ་ཆ(རིགས་གཉིས)ཇེ་ཉུང་དུ་བཏང་བ།


སྡོད་དམངས་ཀྱིས་ཐོག་དང་པོར་རྒྱལ་ཕྱིར་སློབ་གྲྭ་འགྲིམས་པར་སྤྱིར་བཏང་ལག་འཁྱེར་བླངས་ཆོག   ཞིང་ཆེན་ནང་ཁུལ་གྱི་ཐེམ་ཐོ་ཡིན་ལ། ལོ18མན་གྱི་སྡོད་དམངས་སམ་སློབ་གྲྭར་ཡོད་པའི་སློབ་མས་སྤྱིར་བཏང་གི་ལག་འཁྱེར་བླངས་ནས་རྒྱལ་ཕྱིར་སློབ་གྲྭ་འགྲེིམས་ཆོག    

སྡོད་དམངས་ཀྱིས་ཐོག་དང་པོར་སྤྱིར་བཏང་གི་ལག་འཁྱེར་བླངས་ནས་རྒྱལ་ཕྱིར་སྨན་བཅོས་བྱེད་པར་བསྐྱོད་ཆོག དེ་ནི་ཞིང་ཆེན་ནང་ཁུལ་གྱི་ཐེམ་ཐོ་ཡིན་ཞིང་།  ནད་ལྕི་མོ་ཕོག་མཁན་གྱིས་སྒེར་དོན་གྱི་སྤྱིར་བཏང་ལག་འཁྱེར་བླངས་ནས་རྒྱལ་ཕྱིར་སྨན་བཅོས་བྱེད་དུ་བསྐྱོད་ཆོག

གོང་གི་གནས་ཚུལ་འདི་གཉིས་བྱུང་ན་དེར་རོགས་པ་བྱེད་དགོས་པའི་ལྟ་སྐྱོང་བ་དང་གཉེན་ཉེ་དག་གིས་ཀྱང་དེ་དང་མཉམ་དུ་སྤྱིར་བཏང་ལག་འཁྱེར་ལེན་ཆོག

ལོ་ཙཱ་བ། ཁོན་ཐར་འཚོ།