མཚོ་ལྷོ་ཁུལ་གྱིས་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་།

ཉིས་སྟོང་བཅོ་བརྒྱད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ན་ནིང་གི་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་ཚད་ལྡན་ལོའི་བྱ་འགུལ་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་བ་དང་། ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་བྱ་འགུལ་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས་ཏེ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་།

བྱ་བ་སྒྲུབ་སྐབས། མཚོ་ལྷོ་ཁུལ་གྱིས་གསར་དུ་བཟོ་བཅོས་བྱས་པའི་ཏང་གི་སྒྲིག་ཡིག་གཞི་རྩའི་བསྲུང་བྱར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་གཞི་རྩའི་ཚད་ཁྲེ་བྱས་ཏེ། ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་ལམ་ལུགས་སྣ་ཚོགས་ཚད་ལྡན་ཅན་དུ་སྒྱུར་བ་དང་ཚོགས་གསུམ་ཁྲིད་གཅིག་དང་དམངས་གཙོ་འཚོ་བའི་ཚོགས་འདུ། རྩ་འཛུགས་འཚོ་བའི་ཚོགས་འདུ་སོགས་གཞི་རྩའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་པར་མ་ཟད། ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་བརྗོད་དོན་གཏན་འཁེལ་བྱེད་པ་དང་། ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་བརྗོད་དོན་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྒྲིག་ཡིག་གསར་བ། རྩ་ཁྲིམས་གསར་བ་བཅས་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པ་དང་ཟུང་དུ་སྦྲེལ་ཞིང་ཏང་ཡོན་གཅིག་སྡུད་སློབ་གསོའི་གསོ་སྦྱོང་དང་ལྟ་སྐུལ་དོ་དམ་དང་ཟུང་དུ་སྦྲེལ་བ་དང་། ཏང་ཡོན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཏང་ཡོན་གཞིས་ཁུལ་དུ་སྐྱོད་པ། དང་བླངས་ཞབས་ཕྱི་སོགས་བྱ་འགུལ་དང་ཟུང་དུ་སྦྲེལ་བ། ཏང་ཡོན་གྱི་དམངས་གཙོ་དཔྱད་སྡུར་དང་བྱེད་སྒོའི་ལག་རྩལ་སྦྱོང་བརྡར་སོགས་དང་ཟུང་དུ་སྦྲེལ་དགོས་པར་མ་ཟད། བྱེད་ཐབས་དང་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་དགོས་པའི་རེ་བ་བཏོན།