དུས་སྐབས་གསར་བའི་མི་རིགས་སློབ་ཆེན་གྱི་སློབ་མར་ཆབ་སྲིད་བསམ་བློའི་བྱ་བ་གཏོང་ཐབས་ཐད་ཀྱི་བསམ་ཚུལ།

  ཚེ་རིང་རྡོ་རྗེ།(མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན། ཟི་ལིང་། 810007)

  ནང་དོན་གནད་བསྡུས། འདིར་དུས་སྐབས་གསར་བའི་མི་རིགས་སློབ་ཆེན་གྱི་གྲངས་ཉུང་མི་རིགས་སློབ་མར་ཆབ་སྲིད་བསམ་བློའི་སློབ་གསོ་གཏོང་སྟངས་ཁྲོད་གནས་པའི་གནད་དོན་དང་ཁྱབ་བསྒྲགས་ཀྱི་ནུས་པ་མཐོ་རུ་བཏང་སྟེ། ཆབ་སྲིད་བསམ་བློ་བྱ་བར་སློབ་སྦྱོང་དང་ཤུགས་སྣོན་དགོས་ཚུལ་སོགས་གླེང་བ་བརྒྱུད་དེ། སློབ་མའི་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བྱེད་དགོས་ཚུལ་གླེང་ཡོད།

  བརྡ་ཆད་གཙོ་བོ། ཆབ་སྲིད་བསམ་བློ་བྱ་བ། མི་རིགས་སློབ་ཆེན། སློབ་མ། གཏོང་ཐབས། རྩོམ་ཡིག་འབྱོར་ཉིན། 2017-02-12

  རྩོམ་པ་པོ་ངོ་སྤྲོད། ཚེ་རིང་རྡོ་རྗེ། ཕོ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2015ལོའི་ཞིབ་འཇུག་སློབ་མ། 〖 དཔེ་དེབ་དབྱེ་རྟགས། G41 ཡིག་ཚང་མཚོན་བྱང་། རྩོམ་ཡིག་སྒྲིག་ཨང་། 1005-2089(2017)02-125-05  སྤྱི་ལོ2016ལོའི་ཟླ12པའི་ཚེས7ནས8ཉིན། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཆབ་སྲིད་བསམ་བློ་བྱ་བའི་ཚོགས་འདུ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་ཐོག་གསུང་བཤད་གལ་ཆེན་གནང་སྟེ། རྣམ་པ་གསར་བའི་འོག་མཐོ་རིམ་སློབ་གྲྭའི་ཆབ་སྲིད་བསམ་བློ་བྱ་བར་ཤུགས་སྣོན་དང་བཅོས་སྒྱུར་བྱེད་པར་རེ་བ་བཏོན་པ་དང་བཀོད་འདོམས་བྱས་པ་རེད། ཐེངས་འདིའི་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་ལག་ལེན་དཔྱིས་ཕྱིན་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་ཀྱང་ཡིན་ལ། དེ་ནི་མཐོ་རིམ་སློབ་གྲྭའི་བཅོས་སྒྱུར་དང་འཕེལ་རྒྱས། ཏང་གི་འཛུགས་སྐྲུན་དང་ཆབ་སྲིད་བསམ་བློ་བྱ་བའི་ཁྲོད་ཀྱི་རྡོ་རིང་ལྟ་བུའི་གལ་ཆེའི་དོན་སྙིང་ལྡན་པ་དང་། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཐོ་རིམ་སློབ་གྲྭའི་ཆབ་སྲིད་བསམ་བློ་བྱ་བར་མཐོང་ཆེན་དང་འཕེལ་རྒྱས་འགྲོ་བར་མངོན་གསལ་སྒོས་ཁ་ཕྱོགས་གསལ་བོ་ཞིག་བསྟན་པ་དང་། སྔ་ཕྱི་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སློབ་གྲྭ་དང་སློབ་གསོ་སྡེ་ཁག་ཐམས་ཅད་ཀྱིས་བསམ་བློ་གཅིག་གྱུར། ཤེས་རྟོགས་ཇེ་མཐོར་གཏོང་བ། མཐོ་རིམ་སློབ་གྲྭ་ཁག་གི་ཆབ་སྲིད་བསམ་བློ་བྱ་བའི་དམིགས་བསལ་རང་བཞིན་དང་དགོས་གལ་རང་བཞིན། དངོས་ཡོད་རང་བཞིན་ལ་གཏིང་ཟབ་ཏུ་རྒྱུས་ལོན་བྱས་ཏེ། ཁྱོན་ཡོངས་ནས་ཆབ་སྲིད་བསམ་བློ་བྱ་བའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཆབ་སྲིད་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་ཁ་ཕྱོགས་ལག་ལེན་ཏུ་བསྟར་དགོས་པའི་གལ་ཆེན་རང་བཞིན་དམིགས་ཡུལ་དུ་བཟུང་སྟེ། མིའི་ཀུན་སྤྱོད་ཚད་ལྡན་ཅན་དུ་གཏོང་བ་རྩ་བར་འཛིན་པ་དང་། ཆབ་སྲིད་བསམ་བློ་བྱ་བའི་རྩ་བ་ཇེ་བརྟན་དུ་བཏང་སྟེ་མི་རིགས་སློབ་ཆེན་གྱི་སློབ་མའི་བསམ་བློའི་སྤུས་ཚད་ཇེ་མཐོར་གཏོང་དགོས།

  དང་པོ། མིག་སྔར་ཆབ་སྲིད་བསམ་བློའི་སློབ་གསོ་གཏོང་སྟངས་ཁྲོད་ཀྱི་གནད་དོན།

  རང་རྒྱལ་གྱི་མི་རིགས་སློབ་ཆེན་ནི་མཐོ་རིམ་སློབ་གསོའི་ཁྲོད་ཁྱད་ཆོས་འབུར་དུ་ཐོན་པའི་སློབ་གསོའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ནི་རང་རྒྱལ་གྱི་ཏང་དང་སྲིད་གཞུང་གིས་མི་རིགས་སློབ་གསོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་འོག མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་སྒོས་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་ལམ་ཕྱོགས་ལ་བསྙེགས་ཏེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་དང་སློབ་སྦྱོང་མཐའ་འཁྱོལ་བྱས་ཏེ། ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་རྟེན་གཞི་བྱས་པའི་རྒྱུ་ལམ་ཉག་གཅིག་ཡིན། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སློབ་ཆེན་སློབ་མའི་བསམ་བློའི་ཁྱེར་སོ་དང་ལུས་སེམས་བདེ་ཐང་། སློབ་གསོའི་སྤུས་ཚད་ནི་ཐད་ཀར་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འཕེལ་རྒྱས་ལ་འབྲེལ་བ་ཡོད་པར་མ་ཟད། ནང་སྒོས་སུ་ཆབ་སྲིད་བསམ་བློའི་སློབ་གསོ་ནི་སློབ་ཆེན་གྱི་སློབ་མ་རྣམས་ཀྱིས་ངེས་པར་དུ་ཤེས་དགོས་པ་དང་ལག་ལེན་བྱེད་དགོས་པའི་གྲུབ་ཆ་གལ་ཆེན་ཞིག་སྟེ། དེའི་བསམ་བློའི་དམིགས་ཚད། ཀུན་སྤྱོད་ཀྱི་ཚད་གཞི། རིན་ཐང་ལྟ་ཚུལ་སོགས་ཕྱོགས་མང་བོ་ནས་བལྟས་ཚེ། ཆེས་གལ་ཆེ་བ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། འོན་ཀྱང་དུས་སྐབས་གསར་བའི་འཕེལ་འགྲོས་ཀྱི་རླབས་རྒྱུན་ཁྲོད་རང་རྒྱལ་གྱི་མི་རིགས་སློབ་ཆེན་ཁག་གི་གྲངས་ཉུང་མི་རིགས་ཀྱི་སློབ་མའི་ཆབ་སྲིད་བསམ་བློ་བྱ་བ་དེ་དེ་འདྲའི་ཚད་ལྡན་མིན་པ་དང་ཅུང་བག་ལ་ཞ་བའི་གནས་སུ་ལུས་ཡོད་ལ། སློབ་གྲྭ་དང་སྡེ་ཁག་སོ་སོ། འགོ་ཁྲིད་ཚོས་འདིའི་ཐད་དུ་གཙིགས་ཆེན་མི་བྱེད་པ་དང་། ཡང་ན་བྱེད་ཐབས་སོགས་མི་འདང་བ་དང་གྲུབ་འབྲས་ཆེན་པོ་མེད་པ་བཅས་ཀྱི་གནས་ཚུལ་སོགས་འབྱུང་བཞིན་ཡོད་ལ། ཆབ་སྲིད་བསམ་བློ་བྱ་བའི་སློབ་ཁྲིད་བྱེད་སྟངས་དེ་ཡང་ཆིག་རྐྱང་བྱེད་ཐབས་མ་གཏོགས་སྣ་མང་རང་བཞིན་ཅན་གྱི་ཐབས་ལམ་ལ་བརྟེན་པ་ཉུང་བས། སློབ་མར་དུས་སྐབས་གསར་བའི་ཆབ་སྲིད་བསམ་བློ་བྱ་བའི་དགོངས་དོན་ལ་སློབ་སྦྱོང་དང་། ཏང་སྲིད་ཀྱི་ཤེས་བྱ་བརྒྱུད་བསྒྲགས་ཀྱི་ཐད་ནས་ཀྱང་ནུས་ཚད་ཞན་པ་སོགས་ཀྱི་གནད་དོན་སོགས་འབྱུང་བཞིན་ཡོད་ལ། དེ་བས་སློབ་གསོ་གཏོང་སྟངས་དང་སློབ་གསོའི་ཐབས་ལམ། དོ་དམ་གྱི་ནུས་པ། ཤེས་བྱ་ཁྱབ་བསྒྲགས་ཀྱི་ནུས་པ་ཞན་པའི་དབང་གིས་སློབ་མའི་ཀུན་སྤྱོད་ཀྱི་སྤུས་ཚད་ཞན་པ། ཆབ་སྲིད་ཀྱི་མིག་རྒྱང་ཐུང་བ། ཤེས་བྱའི་བྱང་ཚད་ཞན་པ་སོགས་ཀྱི་གནད་དོན་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། "སློབ་མ་ཡོངས་ལ་ཁ་གཏད་དེ་ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་སེམས་ལ་ཆགས་པར་རོགས་འདེགས་བྱས་ཏེ། ཀུན་སྤྱོད་དམ་སེམས་པའི་འཇོན་ཐང་མཐོར་འདེགས་དང་། ཚན་རིག་དང་མཐུན་པའི་བསམ་གཞིག་བྱེད་སྟངས་གསོ་སྐྱོང་དང་། ལུས་སེམས་དང་མི་གཤིས་འཕེལ་རྒྱས་བདེ་ཐང་འབྱུང་བར་སྐུལ་མ་གཏོང་དགོས།"① ཞེས་གསུངས་པ་བཞིན། སློབ་གྲྭ་ཆེན་མོ་ནི་མི་འཇོན་ཐང་ཅན་སྐྱེད་སྲིང་བྱེད་ས་དང་སློབ་མ་རྣམས་ནི་མི་རིགས་ཀྱི་རེ་བ་དང་རྒྱལ་ཁབ་ཀྱི་མ་འོངས་པ་ཡིན་པས། སློབ་གྲྭ་ཁག་གིས་ངེས་པར་དུ་ཆབ་སྲིད་བསམ་བློ་བྱ་བའི་སློབ་གསོ་གཏོང་སྟངས་དེ་ནུས་ལྡན་ཅན་དང་སྲིད་ཇུས་གསར་བའི་འཕེལ་ཕྱོགས་དང་སྒོ་བསྟུན་ཅི་ཐུབ་བྱས་ཏེ། འཕེལ་རྒྱས་ལ་ཁ་ཕྱོགས་རྒྱུ་དང་ནུས་ཤུགས་ཡོད་རྒུ་ཡིས་སློབ་ཆེན་སློབ་མའི་ཆབ་སྲིད་བསམ་བློ་བྱ་བ་འཕེལ་རྒྱས་སུ་གཏོང་བ་དང་དེ་དག་གི་སྤུས་ཚད་ཇེ་མཐོར་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་མཁན་དང་རྐང་འཛིན་པ་རུ་འགྱུར་བར་གསོ་སྐྱོང་བྱེད་དགོས། དེར་མ་ཟད་སློབ་ཆེན་ཁག་གིས་ཀྱང་སློབ་མའི་ཀུན་སྤྱོད་ཀྱི་ཚད་གཞི་ཚད་ལྡན་ཅན་དུ་གཏོང་བར་ཆབ་སྲིད་བསམ་བློའི་སློབ་གསོ་བྱེད་ཐབས་སྣ་མང་རང་བཞིན་ཅན་དང་ནུས་ལྡན་རང་བཞིན་ཅན་དུ་བཏང་སྟེ། ཁྱོན་ཡོངས་ལ་དམིགས་པའི་བྱེད་ཐབས་ལག་བསྟར་བྱེད་དགོས། དེར"སློབ་ཆེན་ཁག་གིས་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་དམིགས་ཡུལ་དུ་བཟུང་ཏེ་སློབ་མའི་ཀུན་སྤྱོད་དང་། རིག་གནས་བརྒྱུད་བསྒྲགས་བཅས་ཀྱི་ཐད་ནས་ནུས་ཤུགས་གང་ལེགས་བཏོན་ཏེ་རུལ་སུངས་ཀྱི་བསམ་བློའི་རྣམ་པ་དང་རྗེས་ལུས་ཀྱི་བསམ་གཞིག་བྱེད་སྟངས་སོགས་ལེགས་བཅོས་གཏོང་དགོས།"② ཞེས་པ་ལྟར་རོ། །

  གཉིས་པ། ཆབ་སྲིད་བསམ་བློའི་སློབ་གསོ་བྱེད་སྟངས་ཀྱི་ཐབས་ལམ།

  སྤྱིར་གྲངས་ཉུང་མི་རིགས་ཀྱི་སློབ་ཆེན་སློབ་མ་རྣམས་ཀྱི་ཕྱོགས་ཡོངས་ཀྱི་སྤུས་ཚད་དོ་མཉམ་སྒོས་འཕེལ་རྒྱས་གཏོང་དགོས་ན། ཐོག་མར་ཡང་དག་པའི་ཆབ་སྲིད་བསམ་བློ་གཞི་རྩ་ཡིན་པའི་ཡང་དག་གི་འཇིག་རྟེན་ལྟ་ཚུལ་དང་། རིན་ཐང་ལྟ་ཚུལ། མི་ཚེ་ལྟ་ཚུལ་སོགས་རྨང་རྟིང་ཡག་པོ་ཞིག་བཏིང་སྟེ། སློབ་གསོའི་བྱ་གཞག་མཐའ་དག་ལ་ཡང་དག་པའི་ལམ་དུ་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་ཤུགས་སྣོན་པ་དང་། སློབ་མའི་ཀུན་སྤྱོད་དང་བསམ་བློ་བདེ་ཐང་ངང་འཚར་ལོངས་འབྱུང་བར་གང་ནུས་ཅི་ལྕོགས་སྒོས་སྐུལ་འདེད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་ཤིང་། ཁོ་ཚོའི་བསམ་བློ་དུས་རབས་དང་འཚམ་པར་བྱས་ཏེ་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་རུ་འཇུག་དགོས། མི་རིགས་སློབ་ཆེན་ཁག་གིས་ཆབ་སྲིད་བསམ་བློའི་སློབ་གསོ་གཏོང་སྟངས་ཀྱི་ཐད་དུ་ནུས་ཐོན་རང་བཞིན་དང་སྣ་མང་རང་བཞིན་གྱི་སློབ་གསོའི་ཐབས་ལམ་སྤྱད་ན་ད་གཟོད་ནུས་པ་ཆེན་པོ་ཐོན་སྲིད།

  གཅིག སློབ་གསོའི་བྱ་འགུལ་སྣ་མང་སྤེལ་ཏེ་དྲིལ་བསྒྲགས་ཀྱི་ནུས་པ་མཐོ་རུ་འདེགས་པ།

  བརྡ་འཕྲིན་ཅན་དུ་འགྱུར་བའི་སྤྱི་ཚོགས་གོམ་འགྲོས་དང་བསྟུན་ཏེ་མི་རིགས་སློབ་ཆེན་གྱི་གྲངས་ཉུང་མི་རིགས་སློབ་མར་ཆབ་སྲིད་བསམ་བློའི་སློབ་གསོ་བྱེད་ཐབས་དེའང་བྱེད་ཐབས་སྣ་མང་རང་བཞིན་ཅན་གྱི་སྒོ་ནས་སྤེལ་ཏེ། ཁྱོན་ཡོངས་ནས་གོམ་གང་མདུན་སྤོས་སྒོས་ཤུགས་སྣོན་དང་ལེགས་བཅོས་ནན་མོ་བྱེད་དགོས་པ་དང་། བརྡ་འཕྲིན་དང་དྲ་རྒྱའི་ལག་རྩལ། འཕྲིན་སྟེགས་གང་རུང་བརྒྱུད་དེ་ཏང་གི་ཆབ་སྲིད་བསམ་བློ་བྱ་བའི་དགོངས་པ་རྣམས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་དགོས་པ་དང་། འཆར་གཞི་དང་གསར་བཏོད་ལྡན་པའི་སྒོ་ནས་མི་རིགས་སློབ་ཆེན་གྱི་སློབ་མའི་ཆབ་སྲིད་བསམ་བློ་འཕེལ་རྒྱས་སུ་བཏང་སྟེ། སློབ་མ་རྣམས་ལ་ཡང་དག་པའི་འཇིག་རྟེན་ལྟ་ཚུལ། མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ་ཞིག་འཛིན་དགོས་པར་མ་ཟད། དེར་སློབ་སྦྱོང་དང་ལག་ལེན་ནན་མོ་བྱེད་དགོས་པ་དང་། མཐོ་རིམ་སློབ་གྲྭས་ཆབ་སྲིད་བསམ་བློ་བྱ་བའི་དགོངས་པར་སློབ་སྦྱོང་དང་ལག་ལེན་ཐད་ཀྱི་གལ་ཆེན་དགོངས་པ་དྲིལ་བསྒྲགས་དང་གཙོ་བོར་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བྱ་འགུལ་སྣ་མང་རང་བཞིན་ཅན་གྱི་ཁྲོད་ནས་སྲིད་ཇུས་གསར་བའི་འཕེལ་ཕྱོགས་དང་སྒོ་བསྟུན་ཏེ་ཏང་སྲིད་བྱ་བའི་ལག་ལེན་ཁྲོད་དཔེ་སྟོན་རང་བཞིན་ཅན་གྱི་མི་སྣའི་མཛད་རྗེས་དང་གཏམ་བཤད་རྣམས་བྱ་ཐབས་སྣ་མང་ལ་བརྟེན་ཏེ་ཁྱབ་བསྒྲགས་བྱེད་དགོས་པ་དང་། རྒྱུགས་སྤྲོད་ཀྱི་ཐབས་ལམ་བརྒྱུད་དེ་སློབ་མའི་ཏང་སྲིད་ཐད་ཀྱི་ཤེས་བྱ་རྣམས་རྒྱུས་ལོན་བྱས་ཏེ་འོས་འཚམ་གྱི་སློབ་གསོའི་བྱེད་ཐབས་བདམས་ཏེ་སློབ་མའི་ཀུན་སྤྱོད་དང་བསམ་བློ། ཆབ་སྲིད་ཀྱི་འདུ་ཤེས་རྣམས་སྔར་ན་མེད་པའི་འཕེལ་རྒྱས་གཏོང་དགོས།

  གཉིས། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐབས་ལམ།

  གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་རྒྱུ་ནི་སློབ་ཆེན་སློབ་མ་རྣམས་ལ་མཚོན་ན་ངེས་པར་དུ་རྩ་འཛིན་དང་རྒྱུན་འཁྱོངས་བྱེད་དགོས་པའི་དོན་གནད་གལ་ཆེན་ཞིག་ཡིན་ལ། སློབ་གསོའི་སྡེ་ཁག་ཐམས་ཅད་ལ་མཚོན་ནའང་ངེས་པར་གཙིགས་ཆེན་བྱེད་དགོས་པའི་དོན་གནད་ཅིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཆབ་སྲིད་བསམ་བློ་བྱ་བའི་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། "ཆབ་སྲིད་བསམ་བློ་བྱ་བའི་དགོངས་པ་དེ་སློབ་ཁྲིད་ཀྱི་གོ་རིམ་ཡོངས་སུ་བརྒྱུད་དགོས་པ་དང་སྤྱི་ཡོངས་ཀྱི་བསམ་བློའི་བྱང་ཚད་ལ་དམིགས་ཏེ། ཁྱོན་ཡོངས་ནས་འཕེལ་རྒྱས་ལ་བསྙེག་པའི་འདུ་ཤེས་འཛིན་པ་དང་། བསླབ་བྱ་གཞན་དག་དང་ཆབ་སྲིད་བསམ་བློའི་གཞུང་ལུགས་གཉིས་དོ་མཉམ་སྒོས་སྤེལ་བ་ལས་ཕྱོགས་ལྷུང་གི་སྣང་ཚུལ་འབྱུང་མི་རུང་ལ། མགོ་མཇུག་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་རྣམས་རྒྱབ་རྟེན་དུ་བཟུང་ནས་རྒྱུན་འཁྱོངས་བྱེད་དགོས།"③ ཞེས་གདམས་ཡོད།

  མི་རིགས་སློབ་ཆེན་གྱི་སློབ་གསོ་དང་ཆབ་སྲིད་བསམ་བློའི་བྱ་བ་དེ་ངེས་པར་དུ་མི་རིགས་ས་ཁུལ་གྱི་དོན་དངོས་དགོས་མཁོ་དང་འབྲེལ་བར་བྱེད་དགོས། མི་རིགས་མི་འདྲ་བའི་སློབ་མའི་གཤིས་སྤྱོད་བཟང་ངན་དང་། དང་ལེན་གྱི་ནུས་པ། ངོས་འཛིན་གྱི་ནུས་པ་མི་འདྲ་བའི་ཁྱད་པར་བཅས་ཀྱི་དབང་གིས། མི་རིགས་སློབ་ཆེན་སློབ་མའི་ཆབ་སྲིད་བསམ་བློ་སྤེལ་བར་དཀའ་ལས་ཅུང་བཟོས་ཡོད། ལྷག་པར་དུ་སློབ་ཆེན་ཁག་གི་སློབ་གསོ་སྤེལ་སྟངས་ཀྱི་ཆ་ནས་བརྗོད་ན་རིགས་སོ་སོའི་སློབ་མའི་གཤིས་ཀར་ཁྱད་པར་ཆེ་བའི་དབང་གིས་དགེ་རྒན་དང་། འཛིན་བདག ཏང་ཡོན་ལས་བྱེད་པ་སོ་སོས་མི་རིགས་སློབ་ཆེན་གྱི་སློབ་མ་རྣམས་ལ་ཚད་མཐོ་བའི་བླང་བྱ་ནན་མོ་འདོན་དགོས་པ་དང་། ཕན་ནུས་ལྡན་པའི་ཐབས་སྣ་ཚོགས་སྤྱད་དེ་ཞིབ་ཚགས་ལྡན་པ་དང་། གནད་ལ་ཁེལ་བ། གཟབ་ནན་སྒོས་དུས་དང་གནས་བབ་ལ་བསྟུན་དགོས་པའི་རྩ་དོན་ཡང་འདོན་དགོས། མི་རིགས་སློབ་ཆེན་གྱི་སློབ་མའི་ཆབ་སྲིད་བསམ་བློའི་བྱ་བ་དེ་གཙོ་བོ་བསམ་བློ་དང་ཀུན་སྤྱོད་བཅས་ཀྱི་ཐད་ནས་མཐོ་རུ་བཏང་སྟེ། རིགས་སོ་སོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་བསམ་བློའི་ཐད་དུ་གཙོ་འཛིན་དང་སྣེ་ཁྲིད་ཀྱི་ནུས་པ་ལྡན་པར་སྐྱེད་བསྲིང་བྱེད་དགོས་པར་མ་ཟད། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བར་སྙམ། དེ་བས་ཆབ་སྲིད་བསམ་བློ་བྱ་བའི་འོས་འགན་ནི་དམིགས་ཡུལ་སྣ་མང་ཅན་ཏེ། སློབ་གསོའི་ལས་དོན་དང་མཐུན་དགོས་པར་མ་ཟད། སྒོས་སུ་མི་རིགས་ལས་དོན་གྱི་དགོས་མཁོ་དང་མཐུན་ཐབས་བྱེད་དགོས་ལ། ཆབ་སྲིད་བསམ་བློ་འཕེལ་རྒྱས་གཏོང་བའི་ལག་ལེན་ཁྲོད་དུ་ད་དུང་གལ་ཆེ་བ་ཞིག་ཡོད་པ་ནི་མི་རིགས་སློབ་ཆེན་གྱི་སློབ་མའི་གནས་ཚུལ་དངོས་དང་བསྟུན་དགོས་པ་དང་། ཆབ་སྲིད་བསམ་བློ་བྱ་བ་དེ་གཞུང་ལུགས་དང་ལག་ལེན་གྱི་བརྒྱུད་རིམ་ཁྲོད་དུ་མི་རིགས་ཀྱི་སློབ་ཆེན་སློབ་མར་ཁ་ཞེ་གཉིས་མེད་སྒོས་རོགས་སྐྱོར་དང་ཐུགས་ཁུར་མཛད་དགོས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་ཀྱི་གནས་བབ། དཔལ་འབྱོར་ལམ་ལུགས། རིག་གནས་ཀྱི་རྒྱབ་ལྗོངས། སྤྱི་ཚོགས་འཚོ་བའི་འཕེལ་རྒྱས། གྲངས་ཉུང་མི་རིགས་ཀྱི་སློབ་མའི་དོན་དངོས་བསམ་བློ་བཅས་དང་འབྲེལ་ནས། རིགས་སོ་སོའི་སློབ་མ་རྣམས་ལ་སློབ་གསོ་ལག་ལེན་གྱི་ཁྲོད་ནས་དམིགས་ཡུལ་ཡོད་པ་དང་གཞུང་ལུགས་དང་ལག་ལེན་ལ་ཤུགས་སྣོན་དགོས་པར་མ་ཟད། ལག་ལེན་གྱི་གོ་རིམ་ལའང་མཉམ་འཇོག་བྱེད་དགོས་ཤིང་། གཞན་ཡང་ཤེས་ཡོན་ཅན་གསོ་སྐྱོང་བྱེད་པར་དགེ་རྒན་དང་། བདག་གཉེར་དོ་དམ། སྤུས་ཚད་སོགས་ཕྱོགས་ཡོངས་ནས་ཚད་ལྡན་ཅན་དུ་བཏང་སྟེ་ཕྱི་ཚུལ་རིང་ལུགས་ཀྱི་བྱ་བྱེད་རྣམས་འགོག་སྲུང་དང་མེད་པར་བཟོ་དགོས།

  གསུམ། ཆབ་སྲིད་བསམ་བློའི་སློབ་གསོ་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཀུན་སྤྱོད་ལེགས་ཆ་དར་སྤེལ་དང་རྒྱུན་འཛིན་བྱེད་དགོས།

  ཆབ་སྲིད་བསམ་བློའི་སློབ་གསོ་སྤེལ་བའི་ཁྲོད་དུ་ངེས་པར་དུ་དོ་སྣང་དང་བརྩི་མཐོང་བྱེད་དགོས་པ་ནི་མི་རིགས་རང་སྟེང་གི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་ཕན་པའི་ཀུན་སྤྱོད་བཟང་བོ་རྣམས་གང་ནུས་ཅི་ལྕོགས་སྒོས་བསྡུ་ལེན་བྱས་ཏེ། ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་རོགས་གཅིག་འདེགས་སྒོས་རྒྱུན་འཛིན་དང་གསར་སྤེལ་བྱས་ན། བསམ་བློའི་རིག་གནས་གསར་བ་ཆགས་ཐུབ་པའམ་གཏིང་ཟབ་པའི་རྨང་གཞི་ལེགས་པོ་བསྐྲུན་ཐུབ་པར་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐད་དུའང་བླ་ལྷག་གི་ནུས་པ་འདོན་ཐུབ། དེ་མིན་ད་དུང་མི་རིགས་བྱ་བའི་རང་བཞིན་ལ་བརྩི་འཇོག་བྱས་ན། རིགས་སོ་སོའི་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ། མི་རིགས་ཚང་མ་མཉམ་དུ་གོང་འཕེལ་འགྲོ་བའི་རྩ་བའི་ཆ་རྐྱེན་སྟེང་། ཆབ་སྲིད་བསམ་བློའི་སློབ་གསོ་ལག་བསྟར་བྱེད་པ་དང་། མི་རིགས་སོ་སོའི་དགེ་སློབ་རྣམས་ཀྱི་དཔལ་འབྱོར་འཚོ་བ་དང་རིག་གནས་ལམ་སྲོལ། སྤྱི་ཚོགས་རྒྱབ་ལྗོངས་ཐད་ཀྱི་ཁྱད་པར་ལ་ཡང་མཉམ་འཇོག་དང་བརྩི་སྲུང་བྱེད་དགོས་ལ། སློབ་གསོའི་ཐུན་མིན་གྱི་དགོས་མཁོར་དམིགས་བསལ་སྟེར་བ་བཅས་ལ་བསྟེན་ནས་ཐུན་མོང་མ་ཡིན་པའི་ཆབ་སྲིད་བསམ་བློའི་སློབ་ཁྲིད་བྱེད་སྟངས། མི་རིགས་བྱ་བའི་ལག་ལེན་དངོས་ལ་ཞུགས་སྟེ་ཆབ་སྲིད་བསམ་བློ་བྱ་བ་དེ་མི་རིགས་བྱ་བའི་དགོས་མཁོ་དང་སྲོལ་བཟང་དང་སྦྲགས་ཏེ། མི་རིགས་མཐུན་སྒྲིལ་གྱི་བསམ་བློ་རྒྱུན་འཛིན་དང་མི་རིགས་སློབ་ཆེན་གྱི་ཆབ་སྲིད་བསམ་བློ་བྱ་བས་རྒྱལ་ཁབ་གཏན་འཇགས་དང་མི་རིགས་མཐུན་སྒྲིལ་བཅས་ཀྱི་ཕྱོགས་ལ་ཞབས་འདེགས་བསྒྲུབ་དགོས་ཤིང་། དེ་བས་མི་རིགས་རིག་གནས་ཀྱི་སྲོལ་བཟང་དར་སྤེལ་དང་ཆབ་སྲིད་བསམ་བློ་བྱ་བ་ཁྱོན་་་་་་་་་ ཡོངས་ནས་ལག་ལེན་མཐའ་འཁྱོལ་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་གཙིགས་སུ་བཟུང་ནས་སློབ་མ་བདེ་ཐང་གིས་འཚར་ལོངས་འབྱུང་བར་གང་ཐད་ནས་ཀྱང་ཐུགས་ཁུར་གནང་དགོས་པར་མ་ཟད། སློབ་མ་རྣམས་ལ་རེ་བ་ནན་མོ་བཅངས་ནས་ཁོ་ཚོའི་བསམ་བློ་དང་། འཚོ་བ། ཀུན་སྤྱོད་བཅས་ཀྱི་ཕྱོགས་ནས་མི་གཤིས་བཟང་བོ་ཞིག་འཁྱོངས་དགོས་པའི་སློབ་གསོ་གཙིགས་སུ་བཟུང་ནས་ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ་ཞིག་ངེས་དགོས་པའི་མི་ཚད། སྤྱི་ཚོགས་ལ་ཕན་པའི་མི་ཞིག་ཇི་ལྟར་བྱེད་དགོས་པའི་ཕྱོགས་ལ་ཡང་དག་པའི་ངོས་འཛིན་གསལ་བོ་ཞིག་ཡོད་དགོས།

  མཆན་འགྲེལ།

  ①ཞི་ཅིན་ཕིང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད། མི་དམངས་ཉིན་རེའི་ཚགས་པར། 2016-05-19.

  ②ལིག་ཧེ་མེའི། མོའོ་ཁུ། སློབ་གསོའི་ལག་ལེན་དང་བསམ་གཞིག སློབ་ཆེན་སློབ་གསོ། ཀྭང་ཞིས་སློབ་གསོའི་སློབ་གླིང་། 2016,(5):71.

  ③རྒྱལ་ཡོངས་མཐོ་རིམ་སློབ་གྲྭ་ཁག་གིས་ཆབ་སྲིད་བསམ་བློ་བྱ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དངོས་འབེབས་བྱེད་དགོས། ཀྲུང་གོའི་སློབ་གསོ་ཚགས་པར། 2016-12-26.

  ④ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན། སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་། 2016.

  ⑤ཞི་ཅིན་ཕིང་། ལིག་ཡོང་ཧྲན། བཱང་ཆི་ཧྲན། ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆའི་སློབ་སྦྱོང་མཛུབ་ཁྲིད་ཀྱི་དྲིས་ལན་བརྒྱ། སློབ་སྦྱོང་དཔེ་སྐྲུན་ཁང་དང་ཏང་འཛུགས་ཀློག་དེབ་དཔེ་སྐྲུན་ཁང་། 2016:11.

  2017ལོའི་དེབ་གཉིས་པ།