རྒྱ་བོད་ལོ་ཙཱའི་ཁྲོད་ཀྱི་བརྡ་ཆད་གསར་བའི་སྒྱུར་ཐབས་སྐོར་ཅུང་གླེང་བ།

   ཤ་བོ་བསོད་ནམས།(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན། ཟི་ལིང་། 810001)

  ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་ད་ལྟའི་བོད་ཀྱི་ལོ་ཙཱའི་གནས་བབ་ལ་གཞིགས་ནས་ཐོག་མར་རྒྱ་བོད་བརྡ་ཆད་གསར་བའི་རིགས་བོད་སྐད་དུ་ཇི་ལྟར་བསྒྱུར་དགོས་པའི་སྐོར་བརྗོད་པ་དང་། ལོ་ཙཱའི་ལག་ལེན་ཁྲོད་ནས་སྔར་ཡོད་ཀྱི་མིང་བརྡ་སྔོག་འདོན་བྱེད་པ་དང་། བྱ་དངོས་གསར་བ་ལ་ཐ་སྙད་གསར་དུ་སྦྱོར་བ། གཞན་སྐད་ལས་སོར་འཇོག་བྱེད་པ་བཅས་དོན་ཚན་ཆེན་པོ་གསུམ་དང་། བྱེ་བྲག་གི་དོན་ཚན་ཆུང་ངུ་བཞིའི་ལམ་ནས་དཔེ་སྣ་ཚོགས་ལ་སྦྱར་ཏེ་རྒྱ་བོད་ལོ་ཙཱའི་བརྡ་ཆད་གསར་བའི་སྒྱུར་ཐབས་ལ་དཔྱད་ཞིབ་བྱས་ཡོད།

  བརྡ་ཆད་གཙོ་བོ། རྒྱ་བོད་ལོ་ཙཱ། མིང་བརྡ་སྔོག་འདོན། ཐ་སྙད་གསར་བ། རྩོམ་ཡིག་འབྱོར་ཉིན། 2017-03-03

  རྩོམ་པ་པོ་ངོ་སྤྲོད། ཤ་བོ་བསོད་ནམས། ཕོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དཔེ་དེབ་རྩོམ་སྒྲིག་ཁང་།〖 དཔེ་དེབ་དབྱེ་རྟགས། H059 ཡིག་ཚང་མཚོན་བྱང་། རྩོམ་ཡིག་སྒྲིག་ཨང་། 1005-2089(2017)02-111-05 

  གླེང་གཞི།

  དེང་དུས་ཚན་རིག་ལག་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཤེས་བྱ་གསར་བ་དང་བྱ་དངོས་གསར་བ་འབོར་ཆེན་བྱུང་བ་དང་བསྟུན་ནས་སྔར་མེད་ཀྱི་བརྡ་ཆད་གསར་བའང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འབྱུང་བཞིན་ཡོད་ལ། དེར་སྤྱིར་བཏང་དུ་རིགས་གཉིས་ལྡན་ཏེ། གཅིག་ནི་བརྡ་ཆད་དེས་མཚོན་པའི་བྱ་དངོས་དེའི་རིགས་སྔོན་ཆད་བོད་ཡུལ་དུ་བྱུང་མྱོང་བར་མ་ཟད། དེའི་དོན་ཕྱོགས་ཡོངས་ནས་མཚོན་ནུས་པའི་ཐ་སྙད་ཅིག་ཀྱང་ལོ་རྒྱུས་སྟེང་དངོས་སུ་བྱུང་ཡོད་མོད། རྒྱུ་རྐྱེན་དུ་མའི་དབང་གིས་དུས་ད་ལྟའི་མིང་བརྡ་དེ་དག་བེད་སྤྱོད་མི་བྱེད་པའམ་ཡང་ན་གཏན་དུ་རྒྱུན་ཆད་ལ་ཉེ་བའི་རིགས་ཤིག་དང་། ཅིག་ཤོས་ནི་གསར་དུ་ཐོན་པའི་མིང་བརྡ་གང་དེ་ཡར་སྔོན་བོད་ཡུལ་དུ་གྲགས་མྱོང་བ་ལྟ་ཞོག ཐ་ན་དེས་མཚོན་པའི་དངོས་པོའམ་ཤེས་བྱའང་བྱུང་མ་མྱོང་བའི་རིགས་ལ་བྱ། སྤྱིར་བཏང་དུ་ཕྱི་མའི་རིགས་ནི་སྔ་མ་ལས་ལྡབ་འགྱུར་གྱིས་མང་ལ། ད་ལྟའི་བོད་ཀྱི་ལོ་ཙཱའི་གནས་བབ་ལ་གཞིགས་ན་གོང་གི་བརྡ་ཆད་རིགས་གཉིས་ལས་གང་ཡིན་ཡང་དེའི་སྐོར་བེད་སྤྱོད་དགོས་པ་བྱུང་ན་སྐབས་བསྟུན་སྒོས་མིང་བརྡ་གསར་བ་རེ་སྦྱོར་བ་ལས་གཅིག་མཐུན་གྱི་རྩ་དོན་དང་ཐབས་ལམ་སོགས་ཅི་ཡང་མེད་པས་ན། གསར་བྱུང་གི་མིང་བརྡ་དེ་དག་གཅིག་གྱུར་དང་ཚད་ལྡན་དུ་འགྲོ་བའི་གེགས་སུ་ཆེའོ། །

  བརྡ་ཆད་དེ་དག་གི་འགྱུར་སྐྱོན་དུས་ལྟར་དུ་ལེགས་བཅོས་དང་གཅིག་གྱུར་བྱས་ཏེ་རིམ་བཞིན་ཚད་ལྡན་གྱི་ཕྱོགས་སུ་བསྐྱོད་རྒྱུ་ནི་ང་ཚོ་ལོ་ཙཱའི་བྱ་བ་གཉེར་མཁན་རྣམས་ལ་མཚོན་ན་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་རེད། དེ་ལ་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཉམས་མྱོང་ལྟར་ན། བརྡ་ཆད་གསར་བ་རྣམས་རང་སྐད་དུ་བསྒྱུར་དགོས་པ་ལ་ཅིས་ཀྱང་གཅིག་གྱུར་གྱི་རྩ་དོན་དགོས་པར་མ་ཟད། གཏན་ཆགས་སུ་ཕྱིན་པའི་ཐབས་ལམ་ཡང་གཅིག་མཐུན་དུ་གྲུབ་ཡོད། འདིར་རིགས་པ་དེ་དག་ལ་གཞི་བཅོལ་ཏེ་གསལ་བྱེད་ཀྱི་དཔེ་དང་སྦྱར་ནས་ཅུང་ཟད་དཔྱད་པར་བྱ་སྟེ།

  དང་པོ། སྔར་ཡོད་ཀྱི་མིང་བརྡ་སྔོག་འདོན་བྱེད་པ།

  དེ་ཡང་སྔར་བྱུང་གི་ཐ་སྙད་མང་བོའི་ཁྲོད་ནས་བྱ་དངོས་གང་དེའི་ཁྱད་ཆོས་སོགས་བཙལ་ཏེ་ད་ལྟའི་བརྡ་ཆད་གསར་བ་རྣམས་ལ་གང་ལ་གང་འཚམ་སྒོས་སྦྱོར་བ་སྟེ། བོད་འདིར་རིག་གནས་བཅུས་གཙོས་པའི་རིག་གཞུང་ཕུན་སུམ་ཚོགས་པ་མཆིས་པའི་ཁྲོད་དུ་མིང་བརྡ་ཡང་ཧ་ཅང་གྱ་ནོམ་པ་ཞིག་ལྡན་པའི་ཁར། གསར་བྱུང་གི་བྱ་དངོས་མང་བོ་ལ་དམངས་ཁྲོད་དུ་དོན་ལ་འབྱོར་ཞིང་རྣ་བར་སྙན་པའི་ཐ་སྙད་ལེགས་པོ་གང་མང་སྦྱར་དང་སྦྱོར་བཞིན་ལགས་ན། ང་ཚོས་ཀྱང་མིང་བརྡའི་གཏེར་ཁ་དེ་དག་ཅི་ནུས་ཀྱིས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ་དོན་ལ་ཇི་བཞིན་འབྱོར་བ་རྣམས་གང་ལ་གང་བསྟུན་སྒོས་སྦྱར་ཆོག་སྟེ། འདིར་གསལ་བྱེད་ཀྱི་ཚུལ་དུ་དཔེ་ཙམ་དྲངས་ན།

  པྱོཊི=མགྲོན་ཁང་།=མགྲོན་བྲང་། ཝཏྭཱཾ=བསྐུ་མཉེ།=འཕུར་མཉེད།གྑུཡུ=དོང་ཙེ།=ལྕགས་སྒོར།ཀྣཾཡྲཱི=ཉི་ཁྱམས།=རབ་གསལ ལྷལྱཱུ=རྡོ་ཁབ་ལེན།=སྡུད་ལྕགས། བྱུཀྵྱ=ནད་ཐོ།=ནད་དེབ། ཀྣཾཧྣི=གདགས་རླུང་།=ཕོ་རླུང་། ཕླཱྀསླུ=སྲིད་ཤོར།=ཕྲུ་གུ་ཤོར་བ། ཀྵཾ育=སྲིད་འགོག=བུ་བཙའ་ཚོད་འཛིན། ནྲིཀྨམེཾ=ཚ་བ་ཉལ་ལངས།=བར་གསེང་ཚ་བ། རྐུངྒཱེ=དྲ་ཡོལ།=དཀར་ཡོལ། 蚯ཤྴེ=ས་འབུ་ནག་རིང་།=ས་སྲིན་ཏ་ལ། ངྲཱུཝྱཽཉྻུ=རྔེན་ཅན།=ལྐོག་ཟ་བྱེད་མཁན།

  ཉྭཱུཏྩ=འབོབ།=རྐང་ཤུབས། ཞེས་པ་ལྟ་བུ་རྣམས་བོད་ཀྱི་ཐ་སྙད་སྔ་མ་རྣམས་ནི་བོད་རང་ལ་སྔ་མོ་ནས་བྱུང་ཡོད་པའི་མིང་བརྡའི་རིགས་ཡིན་པ་དང་། ཕྱི་མ་རྣམས་ནི་དེང་གི་ལོ་ཙཱ་བ་རྣམས་ཀྱིས་གཞན་སྐད་ལས་ཐད་ཀར་བསྒྱུར་དགོས་པའི་རིགས་ཡིན། ང་ཚོས་ཐ་སྙད་སྔ་ཕྱི་རྣམས་གཤིབ་བསྡུར་ཙམ་བྱས་ན། སྔ་མ་རྣམས་དོན་ལ་འབྱོར་ཞིང་ཡིད་ལ་འཛིན་བདེ་བའི་ཁྱད་ཆོས་མང་བོ་ལྡན་འདུག ཡིན་ན་ཡང་དེང་དུས་མི་མང་བོ་ཞིག་གིས་མིང་བརྡ་དེ་དག་མ་རྟོགས་པའམ་ཡང་ན་དེ་དག་གི་གོ་དོན་མ་རྙེད་པ་ཅི་ཡིན་ཆ་མ་འཚལ་མོད། མིང་བརྡ་གསར་བ་བསྒྱུར་དགོས་པར་གོམས་ལོབས་སུ་སོང་བའི་ཐད་སྒྱུར་སོགས་ཀྱི་ལམ་ནས་ཚིག་རིས་ཇི་བཞིན་བཙན་སྒྱུར་བྱེད་པ་ནི་དགོས་མེད་ཀྱི་ལས་ལྷག་ཁོ་ནར་ཟད། དེ་བས་ལོ་ཙཱའི་ལས་ལ་འཇུག་མཁན་ཞིག་ཡིན་ཕྱིན། རང་རེའི་བསྟན་བཅོས་དང་ཡིག་ཚང་མང་བོར་ཉར་བའི་ཐ་སྙད་དེ་དག་སྔོག་འདོན་བྱས་ཏེ་གསར་ཚབ་རྙིང་བྱེད་ཀྱི་ཕན་ནུས་འདོན་སྤེལ་བྱེད་དགོས། ཡང་གལ་ཏེ་བྱ་དངོས་གསར་བ་གང་ཞིག་བོད་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཞིང་། བོད་རིགས་མང་ཚོགས་ལ་ཆ་རྒྱུས་ཟབ་མོ་ཞིག་ལྡན་ཚེ། དུས་ནམ་ཞིག་དངོས་པོ་དེ་ལ་ཡིག་སྒྱུར་མཁན་པོ་ལས་ཀྱང་ལྷག་པའི་མིང་ལེགས་པོ་ཞིག་ངང་ངམ་ཤུགས་ཀྱིས་སྦྱར་འོང་སྲིད་པས། ང་ཚོས་མིང་བརྡའི་གཏེར་ཁ་དེ་དག་གང་ནུས་སྒོས་སྔོག་འདོན་དང་བེད་སྤྱོད་བྱེད་པ་ལས། སླར་ཡང་མིང་བརྡ་གསར་བ་ཞིག་ཏུ་བསྒྱུར་དགོས་པའི་དགོས་པ་གང་ཡང་མེད། དེ་ལ་ས་སྐྱ་པཎ་ཆེན་ལགས་ཀྱིས། "བརྡ་སྤྲོད་པའི་མཁས་པ་དག་གིས། བརྡ་གསར་བ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་ན་གསར་བ་སྦྱར་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་བ་མི་སྦྱར་ཏེ། མི་རྟོགས་པ་དང་། ལོག་པར་རྟོགས་པ་དང་། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ"①ཞེས་གསུངས་པ་བཞིན་དགོས་པ་ཆུང་ངུ་ཙམ་ལ་དམིགས་ནས་བརྡ་གསར་བ་གང་འདོད་དུ་སྦྱོར་བ་དང་། ཡང་ན་བོད་ལ་དེ་འདྲའི་མིང་བརྡ་སྔ་མོ་ནས་བྱུང་ཡོད་བཞིན་དུ་བརྡ་གསར་སྦྱོར་བ་གང་ཡིན་ཡང་འདོར་བྱ་ཡིན་པ་ལས་བླང་བྱ་མ་ཡིན། དེ་ལྟར་མ་ཡིན་ཚེ་བོད་ཀྱི་ཐ་སྙད་མང་བོ་ཉ་ཉུང་མཉམ་བསྲེས་ཀྱི་ཉེན་ཁ་ལས་ནམ་ཡང་ཐར་མི་ནུས་ལ། ནམ་ཞིག་བོད་ཀྱི་སྐད་ཡིག་ཀྱང་བསྲེས་སྐད་དམ་ཕུང་གསུམ་པའི་བདག་ཉིད་ཅན་ཞིག་ཏུ་འགྱུར་ཉེན་ཆེ་ཞིང་། དེས་བོད་ཀྱི་སྤྱི་སྐད་བསྐྲུན་པར་བར་ཆད་མི་ཉུང་བ་བཟོ་སྲིད།

  གཉིས་པ། བྱ་དངོས་གསར་བ་ལ་ཐ་སྙད་གསར་དུ་སྦྱོར་བ།

  དེང་དུས་ཀྱི་ལོ་ཙཱའི་བྱ་བ་གཉེར་མཁན་དག་ལ་སྤྱི་ཁྱབ་ཏུ་གནས་པའི་གོམས་སྲོལ་ངན་པ་ཞིག་ཡོད་པ་ནི། ལག་ལེན་ཁྲོད་སྔར་བྱུང་མ་མྱོང་བའི་མིང་བརྡ་གསར་བ་ཞིག་ལ་ཕྲད་ཚེ་དེ་མ་ཐག་ཏུ་དེའི་ཚིག་གདོང་གི་བསྟན་དོན་ཙམ་ལ་བརྟེན་ནས་ཐད་སྒྱུར་དང་ཡང་ན་སྒྲ་སྒྱུར་གང་རུང་ཞིག་གིས་བོད་ཡིག་ཏུ་མཚོན་པར་བྱེད། སྤྱིར་ན་སྒྱུར་ཐབས་འདི་དག་ཀྱང་རྒྱུན་སྤྱོད་ཀྱི་ཐབས་ལམ་ཡིན་པ་སྨྲས་མ་དགོས་མོད། ཞིབ་ཏུ་བསམས་ན་གསར་དུ་ཐོན་པའི་མིང་བརྡ་ཡོད་ཚད་མཐའ་གཅིག་ཏུ་ཕྱི་ཡིག་གི་ངོ་གདོང་ཙམ་ལ་བརྟེན་ནས་བཙན་སྒྱུར་བྱ་དགོས་པའི་ངེས་པའང་མེད་དེ། གལ་སྲིད་བསྒྱུར་བྱའི་མིང་བརྡ་དེས་མཚོན་པའི་བྱ་དངོས་གསར་བ་དེར་ཆ་རྒྱུས་ཟབ་མོ་ཞིག་ལྡན་ཚེ། བོད་རང་གི་མངོན་བརྗོད་ཀྱི་རྣམ་གཞག་ལས་འདྲ་འབྲེལ་དང་། བྱེད་ལས། རྒྱུ་འབྲས་སོགས་ལ་བརྟེན་ནས་མིང་འདོགས་པའི་རིགས་པ་དེ་བེད་སྤྱད་ནས་བྱ་དངོས་གསར་བ་རྣམས་ལ་མིང་གསར་བ་ཕར་བཏགས་ཆོག་སྟེ། རིགས་པ་འདི་ནི་ང་ཚོས་མིང་བརྡ་གསར་བ་ནང་འདྲེན་བྱེད་པ་ལ་ཤིན་ཏུ་འབྱོར། དེ་ཡང་བསྒྱུར་བྱ་གང་དེའི་དབྱིབས་དང་ཁ་དོག བྱེད་ལས་ལ་སོགས་པར་བརྟགས་ནས་མིང་བརྡ་གསར་དུ་སྦྱོར་རུང་སྟེ། འདིར་གསལ་བྱེད་ཀྱི་དཔེ་ཙམ་དྲངས་ན། རྒྱ་སྐད་ཀྱི"ཀྡཾལྐི"ལྟ་བུ་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས"ཙོང་རིལ"དང"ངྲཾཕྲཾ"ལྟ་བུ་ལ"ངང་ལག"ཅེས་མིང་བཏགས་པ་དང་། "རྨྨིཀྐུ"ལྟ་བུ་ལ་བྱེད་ནུས་སམ་འདྲ་བ་སོགས་རྒྱུ་མཚན་བྱས་ནས"སྐད་འཕྲིན"ཞེས་དང་། "ལྱཻཥྭིཊྞཻ"དང"ཌྲུགྪེཔྱུ""མྱོངྲཱྀ""》མྱཎྲཱྀ"ལྟ་བུ་ལ་བཟོ་བྱེད་ཀྱི་རྒྱུ་དང་འདྲ་བ་སོགས་རྒྱུ་མཚན་དུ་བྱས་ནས་སོ་སོར"གཙང་ཤོག"དང"ཕྱེ་ཕུར་གོ་ལེབ""རྡོ་ཀ་ར""སྟབས་བདེ་ཐུག་པ"ཞེས་དང་། ཡང"རྨྱིཏྩཁྱི"དང"ཛོཾཋོསྩུ"ལྟ་བུ་ལ་དེའི་བྱེད་ནུས་ཀྱི་ཆ་ནས"དུས་ཚོད་མིག་རྡེབ"བམ"གློག་རྡལ་རིལ"ཞེས་དང་། ཡང་ཟས་རིགས"ཉྩིཡོཾཎྲཱྀ"དང"ཧཱིཾཔྭ"ལྟ་བུ་ལ"སྐམ་ཤའི་ཐུག་པ"དང"རྒྱ་ཁོག"ཞེས་སོགས་མིང་གསར་དུ་གདགས་པ་ལས། ངེས་པར་དུ་རྒྱ་ཡིག་གི་ངོ་གདོང་ལྟར་ལོ་ཙཱ་བྱེད་དགོས་པའི་ངེས་པ་མེད། ཡིན་ན་ཡང་མིང་གསར་དུ་སྦྱོར་བ་ལ་བོད་མི་རྣམས་ཀྱིས་བརྡ་དེ་ལ་བརྟེན་ནས་དེས་མཚོན་པའི་དངོས་པོ་གང་ཡིན་པ་དེ་ངེས་པར་དུ་རྟོགས་དགོས་ཏེ། ཇི་སྐད་དུ《ས་པཎ་མཁས་འཇུག》ལས། "སྔོན་ཆད་གཞན་དུ་མ་གྲགས་ཀྱང་། །མཁས་པ་རྣམས་ཀྱིས་ངོ་འཕྲོད་པའི། །བརྡ་ནི་རྗེས་སྒྲུབ་ཉིད་ཡིན་ཏེ། །རྒྱུ་མཚན་དག་ལ་ལྟོས་ཕྱིར་རོ"②ཞེས་གསུངས་པ་བཞིན་མིང་གང་གསར་དུ་སྦྱར་བ་དེ་ལ་ངེས་པར་དུ་རྒྱུ་མཚན་ངེས་ཅན་ཞིག་ལྡན་དགོས་པའི་ཁར་ཀུན་གྱི་བློ་ངོར་འཕྲོད་པ་ཞིག་ཅིས་ཀྱང་ཡིན་དགོས་སོ། །

  གསུམ་པ། གཞན་སྐད་ལས་སོར་འཇོག་བྱེད་པ།

  དེ་ནི་བསྒྱུར་བྱ་གང་དེའི་སྒྲ་དོན་ཇི་ལྟ་བ་བཞིན་སྒྱུར་བྱེད་སྐད་དུ་སོར་འཇོག་བྱེད་པ་སྟེ། སྤྱིར་བཏང་དུ་རང་ཡུལ་ན་མེད་པའི་ཐོན་རྫས་གསར་བ་དང་ཐབས་ཤེས་གསར་བ་མཚོན་པའི་བརྡ་ཆད་བསྒྱུར་དགོས་པར་རྒྱུགས་ཆེ་ཞིང་། བརྡ་ཆད་གང་ཞིག་གི་དོན་སྤྱི་ཇི་བཞིན་རང་སྐད་ཀྱིས་མཚོན་མི་ནུས་པའི་དུས་སུ་ད་གཟོད་ཆེས་ཆེར་བྲིན་པའི་སྒྱུར་ཐབས་ཤིག་ཡིན། དེ་ཡང་སྤྱིར་བཏང་དུ་སྒྲ་ཡོངས་སུ་སོར་འཇོག་བྱེད་པ་དང་། ཕྱེད་ཀ་དོན་སྒྱུར་དང་ཕྱེད་ཀ་སོར་འཇོག་བྱེད་པ། མིང་གཅིག་བླ་ཐབས་སུ་བསྣན་པའི་སོར་འཇོག་བྱེད་པ། ཡི་གེ་ཇི་བཞིན་སོར་འཇོག་བྱེད་པ་བཅས་རིགས་བཞི་ཙམ་ལྡན་ཏེ།

  གཅིག སྒྲ་ཡོངས་སུ་སོར་འཇོག་བྱེད་པ་ཞེས་པ་ནི་བསྒྱུར་བྱ་གང་དེའི་སྒྲའི་ཀློག་སྟངས་ལྟར་སྒྱུར་བྱེད་སྐད་དུ་ཇི་བཞིན་སོར་འཇོག་བྱེད་པ་སྟེ། སྒྱུར་ཐབས་འདི་ནི་གང་ཟག་གི་མིང་དང་ས་ཆའི་མིང་། ལས་གནས་དང་སྒྲིག་འཛུགས་ཀྱི་མིང་། གཞན་ཡང་དེང་དུས་ཚན་རྩལ་སྐོར་གྱི་ཆེད་ལས་བརྡ་ཆད་སྐོར་ཞིག་ནི་ནང་དོན་བཞིན་སྒྱུར་ཐབས་མེད་པའམ་ཡང་ན་བསྒྱུར་ཡང་གོ་ལོག་ཐེབས་སྲིད་པས་སྒྲ་ཇི་བཞིན་རང་སོར་འཇོག་པ་སྟེ།

  དཔེར་ན། ནྟྭཡོ尔=ནོ་པེ་ཨར།  ངེབེལྦྲ=ཨོ་པ་མ།སྒྱཀྚཁ྄=ཏིན་ཞའོ་ཕེན།ཞོཉྪ=པེ་ཅིན།ཉྩི༣=ཉིའུ་ཏུན།ཕུ尔ཡྀལྦ=པིས་ཨར་ཀེ་ཚི།ངྲཾཚཽ=ཞང་ཀང་།ཏྦྈྐ=ཙུང་ལི།ཏྦཔྭཱ=ཙུང་ཐུང་།བྔྷཱཐྱསྱཻ=ཕན་ཅིས་ཝུན།ཏྤྲངྐི=ཉིག་ཡོ། ཞེས་བསྒྱུར་བྱ་གང་གི་སྒྲ་ཡོངས་སུ་སྒྱུར་བྱེད་སྐད་དུ་ཇི་བཞིན་སོར་བཞག་བྱས་པ་ལྟ་བུའོ། །

  གཉིས། ཕྱེད་དོན་སྒྱུར་དང་ཕྱེད་སོར་འཇོག་བྱེད་པ་ཞེས་པ་ནི་བསྒྱུར་བྱ་གང་དེའི་ཕྱེད་ཀ་ཙམ་སྒྲ་ཇི་བཞིན་སོར་འཇོག་བྱེད་པ་དང་ཕྱེད་ཀ་བརྗོད་བྱའི་བསྟན་དོན་བཞིན་བསྒྱུར་དགོས་པ་སྟེ་སྒྲ་དོན་འདྲེས་མར་བསྒྱུར་དགོས་པ་ལ་ཟེར། དེ་ཡང་གང་ཟག་དང་ས་ཆ་ཁ་ཤས་ཀྱི་མིང་སྒྲ་དོན་བཤད་དུ་ཡོད་པའི་རིགས་དང་། གཞན་ཡང་ཚན་རྩལ་བརྡ་ཆད་སྐོར་ཞིག་ནི་སྒྱུར་ཐབས་འདི་ལ་བརྟེན་ནས་རང་སྐད་དུ་མཚོན་དགོས་ཏེ།

  དཔེར་ན། ངྫཚྭེ=ཡོན་རྒྱལ་རབས།ཐྱབྨཀྟི=ཡེ་ཤུའི་ཆོས་ལུགས།ཨིཾསླུ主གྕ=གུང་ཁྲན་རིང་ལུགས།གཱཁྲཱ洲=མེ་གླིང་ལྷོ་མ།ཀྺེེལྦྲཀྙེེགཱེ=ཡ་མ་སུན་གཙང་བོ།ཚཛྫུཧྲཱིཾ=ཨན་ཕེ་སྐར་ཆ།ཏྞབྭཏྭཱཾམྭཱིསྭེ=ཙུང་ཧྲིན་འཕྲུལ་རྟ།ཛཱེཙཽཾཀྙོ༡༿སྨཎྱོཝྱུ=རླུང་ནག་འཚུབ་མ་དེ་ཝེ་སི་ལྟ་བུའོ། །

  གསུམ། མིང་གཅིག་བླ་ཐབས་སུ་བསྣན་པ་སོར་འཇོག་བྱེད་པ་ཞེས་པ་ནི་བསྒྱུར་བྱའི་སྒྲ་རང་སོར་བཞག་པའི་རྨང་གཞིའི་སྟེང་མིང་གཅིག་བླ་ཐབས་སུ་སྣོན་པ་སྟེ། བྱ་དངོས་གང་གི་རིགས་སུ་གཏོགས་པ་དེའི་མིང་གཅིག་སྔ་ཕྱིར་གང་རུང་ལ་བསྣན་ཏེ་འགྲེལ་བཤད་ཀྱི་ཚུལ་དུ་བསྒྱུར་དགོས་པ་ཡིན།

  དཔེར་ན། ཧྲཱུཉཽཾ=ཐང་སིན་བླ་མ།རྲཱིཛྭ=ཐེ་གོ་རྒྱལ་ཁབ།ཐྲེཆྭེ=པའོ་ཧེ་རྒྱ་མཚོ།རྲཱིལཽཾ=རི་བོ་ཐའེ་ཧྲན། ཞེས་པ་ལྟ་བུས་རིགས་བསྒྲེ་དགོས་སོ། །

  བཞི། ཡི་གེ་ཇི་བཞིན་སོར་འཇོག་བྱེད་པ་ཞེས་པ་ནི་བསྒྱུར་བྱ་དེའི་ཡི་གེའི་གྲུབ་གཟུགས་དང་མཚོན་དོན་དང་བཅས་པ་རང་སྐད་དུ་སོར་འཇོག་བྱེད་པ་སྟེ།

  དཔེར་ན། མྔསྪཾOK=ཁ་ལ OKཁQ主གྕ=ཨ Q རིང་ལུགས།Bགྭེ=Bའཕྲོ།Xཋོཐླཱྀ=Xའོད་བཅོས།ICUབྱུ〉=ICUནད་ཁང་།Vགྷཱིཏྩ=Vརིལ་རྡུལ་ཞེས་སོགས་དང་། ཡང་སྐབས་འགར་ཕྱི་ཡིག་དེའི་ཡིག་གཟུགས་ཁོ་ན་གཡར་ནས་རང་མིང་དུ་སྤྱོད་དགོས་པའང་ཡོད་དེ།

  དཔེར་ན། GDP=རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་།

  WTO=འཛམ་གླིང་ཉོ་ཚོང་རྩ་འཛུགས།UN=མཉམ་འབྲེལ་རྒྱལ་ཚོགས།〖JY〗ལྟ་བུ་སོགས་ནི་བསྒྱུར་ བྱའི་ཡིག་གཟུགས་གང་ཉིད་སོར་འཇོག་བྱེད་པ་ལས་ལོ་ཙཱ་བྱེད་པའི་དགོས་པ་མ་མཆིས་སོ། །

  མདོར་ན། འཛམ་གླིང་གི་མི་རིགས་གང་ཞིག་ཡིན་ཡང་སྐད་ཆ་བྱུང་བའི་ཐོག་མའི་དུས་ནས་ཕྱོགས་གང་ཐད་ཀྱི་མིང་བརྡ་ཡོད་ཚད་བྱུང་ཡོད་པ་ཞིག་གཏན་ནས་མ་ཡིན་པར། སྤྱི་ཚོགས་དང་སྐད་ཆ་འཕེལ་བའི་འགྲོས་དང་བསྟུན་ནས་སྔར་མེད་ཀྱི་ཐ་སྙད་མང་བོ་རིམ་བཞིན་གསར་བཟོ་བྱས་ཏེ་གྲུབ་པ་ཡིན། ལྷག་པར་དུ་མི་རིགས་མང་བོ་ཞིག་ལ་ཆ་མཚོན་ན། ལོ་ཙཱའི་ལག་ལེན་ནི་མིང་བརྡ་གསར་བ་བསྐྲུན་པའི་ཐབས་ལམ་གཙོ་བོ་ཞིག་སྟེ། གསར་བྱུང་གི་ཐ་སྙད་ཕལ་ཆེ་བ་ལོ་ཙཱར་བརྟེན་ནས་བྱུང་བ་ཡིན། དེ་བས་ང་ཚོས་ལོ་ཙཱའི་ལག་ལེན་ཁྲོད་དུ་བོད་རང་ལ་སྔར་བྱུང་མ་མྱོང་ཡང་ད་ལྟ་ངེས་པར་མཁོ་བའི་མིང་བརྡ་གསར་བཏོད་བྱ་དགོས་ཏེ། དེ་ནི་མི་རིགས་ཤིག་གི་ཐ་སྙད་ཀྱི་བང་མཛོད་ཇེ་ཕྱུག་ཏུ་གཏོང་བའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད། རིག་གནས་གང་ཞིག་འཛམ་གླིང་གི་འཕེལ་འགྱུར་དང་བསྟུན་ནས་གོང་འཕེལ་འབྱུང་བའི་དགོས་ངེས་ཀྱི་མཐུན་རྐྱེན་གལ་ཆེན་ཞིག་ཀྱང་ཡིན་ནོ། །

  མཆན་འགྲེལ།

  ①ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། མཁས་པ་འཇུག་པའི་སྒོ། མི་རིགས་དཔེ་སྐྲུན་ཁང་། 1981:13.

  ②བོ་ཐར་བཀྲ་ཤིས་ཆོས་འཕེལ་དང་ངག་དབང་ཆོས་གྲགས། ས་པཎ་མཁས་འཇུག་རྩ་འགྲེལ་བཞུགས་སོ། ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998:7.

2017ལོའི་དེབ་གཉིས་པ།