རྒྱ་བོད་སྐད་གཉིས་ལས་བྱུང་བའི་ཁ་དོག་མིང་བརྡའི་ལོ་ཙཱའི་སྒྱུར་ཉེས་གླེང་བ།

2016ལོའི་དེབ་བཞི་པ།  (2016ལོའི་ཟླ་བཅུ་གཉིས་པར་སྤེལ)   རྒྱ་བོད་སྐད་གཉིས་ལས་བྱུང་བའི་ཁ་དོག་མིང་བརྡའི་ལོ་ཙཱའི་སྒྱུར་ཉེས་གླེང་བ།   ཤ་བོ་རྡོ་རྗེ།

 (ཀྲུང་དབྱང་མི་རིགས་སློབ་ཆེན།  པེ་ཅིན།  100081)    ནང་དོན་གནད་བསྡུས།  ཁ་དོག་གི་མིང་བརྡ་འདི་ཉིད་སྐད་བརྡ་དང་རིག་གནས། ལོ་ཙཱའི་བྱ་རིམ་ཁྲོད་དུ་ཞིབ་འཇུག་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མཐོང་བར་བསྟེན། དཔྱད་རྩོམ་འདིར་རྩོམ་པ་པོས་གོ་བ་ལེན་པ་དང་བརྗོད་པ་གཉིས་དང་འབྲེལ་ཏེ། ཁ་དོག་གི་བསྟན་དོན་མ་ངེས་པ་དང་། སྐད་ཆའི་གནས་སྐབས་དང་མ་འབྲེལ་བ། སྐད་ཆའི་མཚོན་ཐབས་ཀྱི་དབང་གིས་བོད་རྒྱའི་སྐད་གཉིས་སུ་འགྱུར་ལོག་བྱུང་བའི་ལོ་ཙཱའི་སྒྱུར་ཉེས་སྐོར་དམིགས་བསལ་གྱིས་གླེང་ཡོད།    བརྡ་ཆད་གཙོ་བོ།   བོད་རྒྱའི་སྐད།  ཁ་དོག་གི་མིང་བརྡ།  ལོ་ཙཱ།  སྒྱུར་ཉེས།   རྩོམ་ཡིག་འབྱོར་ཉིན། 2016-09-12  རྩོམ་པ་པོ་ངོ་སྤྲོད།   ཤ་བོ་རྡོ་རྗེ། ཕོ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2014ལོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ། དཔེ་དེབ་དབྱེ་རྟགས། I1046 ཡིག་ཚང་མཚོན་བྱང་།   རྩོམ་ཡིག་སྒྲིག་ཨང་། 1005-2089(2016)04-106-06   དེང་གི་རྒྱ་བོད་ལོ་ཙཱ་དང་རྒྱ་དབྱིན་ལོ་ཙཱ་བྱས་པའི་འགྱུར་རྩོམ་ཕལ་མོ་ཆེར་ཞིབ་ཏུ་བལྟས་ཚེ། ཁ་དོག་གི་མིང་བརྡའི་སྒྱུར་ཐབས་དང་ལོ་ཙཱ་བྱེད་སྟངས་ཀྱིས་ལོ་ཙཱའི་བྱ་རིམ་ཁྲོད་ནུས་པ་མི་དམན་པ་རེ་བཏོན་ཏེ། མ་ཡིག་གི་ནང་དོན་དང་རྣམ་པའི་བར་གྱི་མཛེས་པ་ཡོད་ཚད་འགྱུར་ཡིག་ཁྲོད་མངོན་པར་དགེ་མཚན་ཆེན་པོ་ཐོན་ཡོད། ཡིན་ནའང་། ཉིགས་མ་ཁའེ(ཏྤྲལྦྲཛྷཻ)ཡིས། "གལ་ཏེ་མ་ཡིག་ཏུ་མི་རིགས་དེའི་རང་བྱུང་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས། རིག་གནས་སློབ་གསོ་སོགས་ཀྱི་གྲུབ་ཆའི་ནང་དོན་འདུ་ན། བརྗོད་དོན་ལ་འཐུས་ཤོར་བྱུང་བ་ནི་གཡོལ་དུ་མེད་པ་ཞིག་རེད།"① ཅེས་བསྟན་ཡོད་པ་ལྟར། མི་རིགས་སོ་སོའི་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་འགྱུར་རྩོམ་དེ་དག་གིས། མ་རྩོམ་གྱི་སྐད་ཆའི་ཉམས་འགྱུར་དང་ཚིག་གི་མཚོན་ཐབས་སོགས་སྒྱུ་རྩལ་གྱི་ཁྱད་ཆོས་ལ་ཉམས་ཉེས་ངེས་ཅན་བཟོ་བཞིན་ཡོད་པ་ནི་རྒྱུན་མཐོང་གི་སྣང་ཚུལ་དུ་གྱུར་ཡོད། ཁ་དོག་གི་མིང་བརྡའི་ལོ་ཙཱ་འདི་ཉིད་ཀྱང་དཔེ་དེ་ལས་མ་འདུས་པར་ཁ་དོག་གི་བསྟན་དོན་མ་ངེས་པ་དང་། སྐད་ཆའི་གནས་སྐབས་དང་མ་འབྲེལ་བ། གཞན་སྐད་ཆའི་མཚོན་ཐབས་སོགས་ཀྱི་དབང་གིས་འགྱུར་ལོག་གི་ལོ་ཙཱའི་མཇུག་འབྲས་མང་དུ་འབྱུང་བཞིན་པར་བརྟེན། གཤམ་དུ་ཁོ་བོས་ཁ་དོག་གི་མིང་བརྡའི་ལོ་ཙཱ་ལས་སྒྱུར་ཉེས་བྱུང་བའི་རྒྱུ་རྐྱེན་དག་ལ་དཔྱད་པ་རགས་ཙམ་བཏང་སྟེ།

   དང་པོ། ཁ་དོག་གི་བསྟན་དོན་མ་ངེས་པར་བསྒྱུར་བ།

   ཁ་དོག་ནི་ཐོག་མར་ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱི་རྣམ་པ་སྟེ། རང་བྱུང་གི་སྣང་ཚུལ་ཞིག་ལས་མ་འདས་ཀྱང་། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་རིང་མོའི་ཁྲོད་རིམ་བཞིན་རིག་གནས་ཀྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། དེར་བརྟེན། ཁ་དོག་གི་མིང་བརྡའི་ལོ་ཙཱ་བཟང་བོ་ཞིག་ཐོན་པར་ང་ཚོས་ངེས་པར་དུ་ཁ་དོག་གི་བསྟན་དོན་ལ་ཞིབ་འཇུག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། ཨ་རིའི་ལོ་ཙཱའི་གཞུང་ལུགས་མཁས་ཅན་ནེ་ཏཱ་མཆོག་གིས། ཡིག་སྒྱུར་དང་ངག་སྒྱུར་གྱི་ལོ་ཙཱའི་བྱ་རིམ་ཁྲོད་སྒྱུར་ཉེས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་བརྗོད་པ་འོས་འཚམས་མིན་པ་ལས་བྱུང་བ་མ་ཡིན་པར། རིག་གནས་ཀྱི་བསྟན་དོན་མ་ངེས་པར་ལོག་པར་གོ་བ་ལས་བྱུང་བ་ཡིན་ཞེས་གསུངས་ཡོད་པ་ལྟར། ཁ་དོག་གི་བསྟན་དོན་ངེས་རྒྱུ་ནི་ཁ་དོག་གི་མིང་བརྡའི་ལོ་ཙཱ་ལེགས་འགྲུབ་འབྱུང་ཐུབ་མིན་གྱི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པ་དང་། གལ་ཏེ་ཁ་དོག་གི་བསྟན་དོན་མ་ངེས་པར་ལོ་ཙཱ་བྱས་ན་ནི་སྒྱུར་ཉེས་འབྱུང་སྲིད་པ་གསལ་བོར་བསྟན་ཡོད།

  ལིག་ཁྲང་ཆིང་གིས་བརྩམས་པའི《༤༿ཙྲྀརྦཽཋོཾལཽཾ主ལེཾ》ལས། "ཛོཾབྷྲཱྀགྲུལཽཾངྼ,ཉྱཱུ寒རེཥྱཽམྦཱི。བློཔྲཱཧྱཻཔུཾ吠,༡༿ཀྦོཁྺཎུལེཾ。"②ཞེས་པའི་སྙན་ཚིག་འདི་ནི་ཁ་བ་བུ་ཡུག་འཚུབ་པའི་འཁྱག་གྲང་བཟོད་པར་དཀའ་བའི་མཚན་མོའི་ཡུལ་ལྗོངས་ཀྱི་རྣམ་པ་ཞིབ་འབྲི་བྱེད་པ་བརྒྱུད་ནས། མི་སེར་དཀྱུས་མའི་འཚོ་བའི་བདེ་སྡུག་ལ་གདུང་སེམས་སྐྱེས་པ་སྟོན་པ་ཞིག་ཡིན། སྙན་ཚིག་འདི་ལས་བྱུང་བའི་ཆེས་ཐོག་མའི་སྙན་ཚིག་དེ་གཉིས"ཉི་ནུབ་ས་སྲོས་མཚམས་སུ་རི་བོའི་རྒྱང་མིག་ཆད། །ཁངས་དང་གྲང་ལྷགས་རྒོད་པས་ཁང་བ་དཀར་པོ་སྡུག"ཅེས་མ་ཡིག་ལ་བསྟུན་དྲགས་ནས་ཐད་སྒྱུར་བགྱིས་ཚེ། ཁ་བ་འབབ་པའི་མཚན་མོར་མཐོ་བ་རྒྱལ་པོའི་ཕོ་བྲང་ནས་དམའ་བ་འབངས་ཕལ་བའི་འདུག་ཁང་ལ་སོགས་དཀར་བོ་སྣང་བས། འདི་ལྟར་བསྒྱུར་ན་གཏན་ཚིགས་དང་མི་མཐུན་པར་མ་ཟད། མ་ཡིག་གི་བསྟན་དོན་ཇི་བཞིན་འགྱུར་ཡིག་ཏུ་ཐོན་མེད། དེ་ནི་རྒྱའི་ལོ་རྒྱུས་སྟེང་སེར་པོ་གོང་མའི་ཆེད་སྤྱོད་ཀྱི་ཁ་དོག་ཅིག་ཏུ་གྱུར་པ་ནས་བཟུང་། དམར་པོ་དང་ལྗང་གུ སྔོན་པོ་དང་ནག་པོ། ཐལ་སྐྱ་དང་དཀར་པོ་བཅས་ནི། ཁ་དོག་སྔ་ཕྱིའི་གོ་རིམ་ལྟར་གོང་མའི་སྲིད་གཞུང་གི་དཔོན་བློན་དང་འབངས་མི་སེར་རྣམས་ཀྱི་ཁང་བའི་རྩི་མདོག་བྱུགས་ཚུལ་ལ་ཁྱད་པར་བྱུང་ཡོད། ལྷག་པར་དུ་མིན་དང་ཆིང་རྒྱལ་རབས་ཀྱི་སྐབས་ནས་བཟུང་། རྒྱལ་པོའི་ཕོ་བྲང་དང་དགོན་པ། ལྷ་ཁང་བཅས་ལ་རྩི་མདོག་སེར་བོ་དང་མཚལ་མདོག་བྱུགས་ཤིང་གྱོ་ཏོག་སེར་པོ་སྟོད་ཚུལ་ཡོད་པ་དང་། གོང་མའི་སྲིད་གཞུང་གི་དཔོན་བློན་རྣམས་ཀྱི་ཁང་བར་རྩི་མདོག་ལྗང་གུ་དང་སྔོན་པོ་བྱུགས་ཤིང་གྱོ་ཏོག་ལྗང་གུ་སྟོད་པ། མི་སེར་དཀྱུས་མའི་ཁང་བའི་རྩི་མདོག་ནག་པོ་དང་ཐལ་སྐྱ་དང་དཀར་པོ་སོགས་སྤྱོད་པར་རྒྱལ་པོས་བཀས་བཅད་མཛད་ཡོད། ཁྱད་པར་དུ་ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་དཀར་པོ་ནི་མི་སེར་དཀྱུས་མའི་ཁ་དོག་ཅིག་སྟེ། གནའ་རབས་སུ་མི་སེར་དཀྱུས་མའི་གོན་པར་མདོག་བྱུགས་མི་ཆོག་པའི"རེཁྷི"ཞེས་པ་ནི་མི་སེར་དཀྱུས་མར་གོ་དགོས་པ་དང་། ཐོབ་གོ་ས་དང་མཚན་སྙན་གྲགས་མེད་པའི་མིར"རེསྦྲོ""རེཛྭི"ཞེས་པའི་འབོད་ཚུལ་བྱུང་ཡོད་པར་བརྟེན། གོང་གི་སྙན་ཚིག་འདི་ལས་བྱུང་བའི"རེཥྱཽ"ནི་རྒྱལ་པོའི་ཕོ་བྲང་དང་ཡང་ན་གོང་མའི་སྲིད་གཞུང་གི་དཔོན་བློན་དང་སྐུ་དྲག ཕྱུག་པོ་རྣམས་ཀྱི་སྡོད་ཤག་གང་ཡང་མི་སྟོན་པར། རྩས་བསླས་པའི་སྤྱིལ་བུ་སྟེ་མི་སེར་དཀྱུས་མའི་འདུག་ཁང་ལ་གོ་དགོས། 《སྒྲ་སྦྱོར་བམ་གཉིས》ལས་དོན་ཡང་མི་འགལ་ལ་བོད་ལའང་གར་བདེ་བར་གྱིས་ཤིག་ཅེས་པ་ལྟར། འདིར་ང་ཚོས་བོད་རྒྱ་གཉིས་ཀྱི་རིག་གནས་ཀྱི་ཁྱད་པར་ལ་དམིགས་ནས། "ཉི་ནུབ་ས་སྲོས་མཚམས་སུ་རི་བོའི་རྒྱང་མིག་ཆད། །ཁངས་དང་གྲང་ལྷགས་རྒོད་པས་མི་སེར་འཇག་སྤྱིལ་སྡུག"ཅེས་བསྒྱུར་ན་ནི། བོད་རང་གི་སྐད་དང་མཐུན་ལ། དོན་གྱི་གནད་དུ་ཁེལ་བ། བརྡའི་སྦྱོར་ལུགས་དང་མཐུན་པའི་སྒོ་ནས་འགྱུར་ཅུང་ལེགས་པོ་ཞིག་བྱུང་ཡོད་པར་སྙམ་པ་དང་། མ་མཐའ་ཡང་གཏན་ཚིགས་དང་འགལ་བའི་སྐྱོན་དུ་སོང་མེད་དོ། །

  གཞན་རྒྱ་བོད་མི་རིགས་གཉིས་ཀྱི་ཁ་དོག་གི་ལྟ་བའི་ཐད་ནས་ཁྱད་པར་མངོན་གསལ་ཞིག་ཡོད་པ་ནི། རྒྱ་ནག་གིས་དམར་པོ་མཆོག་ཏུ་བརྩི་ལ། དཀར་པོ་འཛེམ་བྱ་ཉིད་དུ་བྱེད་ཅིང་། བོད་ཀྱིས་དེ་ལས་ལྡོག་སྟེ། ཁ་དོག་དཀར་པོ་མཆོག་ཏུ་བརྩི་ཞིང་། དམར་པོ་ནི་དྲག་སྦྱོར་སོགས་ལ་འཇུག་ཚུལ་ཡོད། དེ་བས"ཝྲཱིཀྣཾཏྼིཕཱི,སྟྲིཾ主ཁྲཻཏྼིཔླཱིཾ。"ཞེས་པའི་ཚིག་འདིར་མཚོན་ན། རྒྱའི་སྐད་དུ་ཉི་མ་ཆེས་དམར་བའི་དཔེ་དེ་མའོ་ཀྲུའུ་ཞིའི་བྱམས་བརྩེ་མཚོན་པའི་དཔེ་ཅན་གསལ་བྱེད་དུ་འགྲོ་ཡང་། བོད་སྐད་དུ་མི་གསོད་ཀྱི་དམེ་བོར་ལག་དམར་ཞེས་དམོད་འབོད་བའི་སྲོལ་ཡོད་པ་དང་། ཁྱད་པར་དུ་ཆག་འཇིག་དང་བཀྲ་མི་ཤིས་པའི་ཉིན་མོར་ཉི་མ་དམར་པོ་ཤར་བྱུང་ཞེས་མི་ལེགས་པའི་དཔེ་རུ་འགོད་ཚུལ་ཡོད། 《རྗེ་ཞབས་དཀར་བའི་རྣམ་མགུར》ལས། བླ་མ་དམར་དམར་བྱོན་ཙ་ན། །ཤ་ཁྲག་དམར་དམར་འདིའི་དོན་དུ། །སྲོག་རྩ་དམར་དམར་གཅོད་པ་ནི། །ཉི་མ་དམར་དམར་འཆར་བར་གདའ། །ཞེས་པ་ལས་སྔ་མ་གསུམ་གྱི་དམར་དམར་ནི་སྐབས་ཀྱི་དོན་དེ་ཁ་དོག་གི་མིང་དོན་དངོས་དང་། ཕྱི་མ་ནི་དཔེ་འཇོག་གི་དོན་ཡིན་ཡང་ཚིག་ཤུགས་ལས་སྐྱོན་གྱི་མཚོན་དོན་ལྡན་པའི་འཇིགས་རུང་གི་ཉམས་ཤིག་རང་ཤུགས་ཀྱིས་ཐོན་ཡོད། དེར་བརྟེན། གོང་གི་ཚིག་དེ་བོད་ཡིག་ཏུ"ཉི་མ་གཟི་མདངས་ཀྱིས་ཕྱུག་ཅིང་། །མའོ་ཀྲུའུ་ཞི་བྱམས་བརྩེ་ཡིས་འཁྱུད། །"ཅེས་ཉི་མ་གཟི་མདངས་ཀྱིས་ཕྱུག་པ་དེ་མའོ་ཀྲུའུ་ཞི་བྱམས་བརྩེ་ཆེ་བའི་དཔེ་རུ་བཀྲལ་ཏེ་བརྗོད་དོན་དང་བསྟུན་ནས་དོན་སྒྱུར་བགྱིས་ན། བོད་རང་གི་སྐད་དང་མཐུན་པའི་འགྱུར་ལེགས་པོ་ཞིག་བྱུང་ཡོད་མོད། དེ་ལྟར་མིན་པར་བོད་སྐད་དུ་ཉི་མ་དམར་པོ་ནི་མའོ་ཀྲུའུ་ཞིའི་བརྩེ་བ་ཟབ་པའི་དཔེ་རུ་བཀྲལ་ཚེ། མ་ཡིག་གི་བསྟན་དོན་དང་འགལ་བའི་འགྱུར་ལོག་ཅིག་ལས་མ་འདས་ཏེ། མ་ཡིག་ཏུ་བསྔགས་པའི་དོན་ཅན་ཡིན་ཡང་། འགྱུར་ཡིག་ཏུ་ངན་སྐུལ་གྱིས་ཁེངས་པའི་དོན་ཅན་ཞིག་ཏུ་འཁྲུལ་འགྲོ། དེའི་ཕྱིར་རྒྱ་བོད་གཉིས་ཀྱི་བསམ་བློའི་འཁྱེར་སོ་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱད་པར་ལ་མ་དམིགས་པར། མ་ཡིག་ལ་བསྟུན་པ་ཙམ་དུ་ཐད་སྒྱུར་བགྱིས་ན། ཀློག་པ་པོས་མི་རིགས་ཐ་དད་པ་གཉིས་ལས་ཐོན་པའི་རིག་གནས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་བྱེད་འདོད་པའི་འདུན་པ་དེ་ལོ་ཙཱ་བས་སྣང་མེད་དུ་བཏང་བ་ཡིན་པས། ལོ་ཙཱ་ནི་མི་རིགས་ཐ་དད་པ་གཉིས་བར་གྱི་ཟམ་པ་ལྟ་བུ་ཡིན་ཞེས་པའི་ལོ་ཙཱ་དང་ལོ་ཙཱ་བའི་ནུས་པ་ཤོར་བ་རེད།

  མདོར་ན། གོང་གི་དཔེ་མཚོན་ཙམ་དུ་བཀོད་པའི་སྒྱུར་ཉེས་བྱུང་བའི་ལོ་ཙཱའི་སྣང་ཚུལ་འདི་གཉིས་ནི། ཁ་དོག་གི་བསྟན་དོན་མ་ངེས་ན་སྒྱུར་ཉེས་འབྱུང་ངེས་པའི་ལོ་ཙཱའི་དཔེ་མཚོན་ཙམ་དུ་བཀོད་པ་ཡིན། དེ་བས། རྗེས་ཕྱོགས་ལོ་ཙཱའི་ལས་དོན་ལ་གཞོལ་བའི་མི་སུ་ཞིག་ཡིན་རུང་། བསྒྱུར་བྱའི་མ་ཡིག་གང་ཡིན་པ་དེའི་ཁ་དོག་གི་མིང་བརྡའི་བསྟན་དོན་ལ་རྒྱུས་ལོན་གཏིང་ཟབ་མོ་བྱས་པའི་རྨང་གཞིའི་ཐོག སྒྱུར་བྱེད་ཀྱི་སྐད་གང་དང་མཐུན་པའི་ལོ་ཙཱ་བྱེད་པར་ཐུགས་མཉམ་ལེགས་པོ་འཇོག་རྒྱུ་ནི་གནད་ཀྱི་དམ་པའོ། །

   གཉིས་པ། སྐད་ཆའི་གནས་སྐབས་དང་མ་འབྲེལ་བར་སྒྱུར་བ།

   མིའི་རིགས་རིག་པ་བ་མ་ལེ་ནོ་ཧྲིས(B.Malinowshi)བསྟན་པའི་སྐད་ཆའི་གནས་སྐབས་ལ། ངག་གི་གནས་སྐབས་དང་ཡུལ་གྱི་གནས་སྐབས། རིག་གནས་ཀྱི་གནས་སྐབས་བཅས་གསུམ་དུ་བསྟན་པ་ལས། འདིར་བརྗོད་པར་འདོད་པ་ནི་རིག་གནས་ཀྱི་གནས་སྐབས་དང་འབྲེལ་བའི་ཁ་དོག་གི་མིང་བརྡའི་ལོ་ཙཱའི་སྒྱུར་ཉེས་ཡིན།

  དཔེར་ན། རྒྱ་སྐད་དུ"རེསྷྱསྷྱསྦུངྛཁྠཏྃ,ཁྶཙེཾཁྠཌྷོ在ཀྐེེཐྲཱྀཛྷོཔྭེསྦུདྷྲིཥྱཾ。"③ཞེས་པའི་སྙན་ཚིག་འདི་ལས། "རེསྷྱསྷྱ"ཞེས་པས་ཀློག་པ་པོའི་སྣང་ངོར་གསོན་ཉམས་བྲལ་ལ། སྐྱེ་སྟོབས་མེད་པ། དབེན་ཐིང་ཐིང་གི་ཐང་ཆེན་ཞིག་གི་རི་མོ་འཆར་བ་དང་། གནས་དེ་ལྟ་བུར་སྤྱང་ལྟོགས་མང་བོ་རྒྱུ་བའི་སྣང་བ་ཞིག་དབང་མེད་དུ་སྐྱེ་བར་བྱེད། རྒྱའི་རིག་གནས་སུ"རེ"ཞེས་པའི་ཐ་སྙད་འདིས་སྦྱར་ཡུལ་ཚིག་གྲོགས་དང་བསྟུན་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དོན་ཞིག་སྟོན་རྒྱུ་ཡོད་ལ། བོད་སྐད་དུ"དཀར་ཐིང་ཐིང་གི་ཐང་ཆེན་དུ་སྤྱང་ལྟོགས་ཁྱུ་ཞིག་གིས་ཟ་རྒྱུའི་རི་དྭགས་འཚོལ་བཞིན་ཡོད།" ཅེས་རྣམ་པ་ཐམས་ཅད་དྲང་ཐད་དུ་བསྒྱུར་ཚེ། ཀློག་པ་པོའི་སྣང་ངོར་འཆར་བ་ནི་ཐང་སྟོང་ཞིག་གི་མདོག་ཙམ་ལས་ཐང་སྟོང་དེའི་ངོ་བོའམ་རང་བཞིན་སྟོན་མི་ཐུབ་ཕྱིར། མ་ཡིག་ལྟ་བུའི་དོན་གྱི་ཉམས་འགྱུར་ཡིག་ཏུ་ཇི་བཞིན་ཐོན་མེད། གལ་སྲིད་ང་ཚོས་བོད་རྒྱ་མི་རིགས་གཉིས་ཀྱི་རང་རང་གི་རིག་གནས་གོམས་སྲོལ་ལས་བྱུང་བའི་བསམ་པའི་འཛིན་སྟངས་དང་མཛེས་རྟོག་གི་ཁྱད་པར་ལ་དམིགས་ནས"སྐྱ་ཐིང་ཐིང་གི་ཐང་ཆེན་དུ་སྤྱང་ལྟོགས་ཁྱུ་ཞིག་གིས་ཟ་རྒྱུའི་རི་དྭགས་འཚོལ་བཞིན་ཡོད།" ཅེས་འོས་འཚམ་གྱིས་འགྱུར་བ་བཏང་ཚེ། འགྱུར་ཡིག་གི་སྐྱ་ཐིང་ཐིང་གིས་ཀློག་པ་པོར་མ་ཡིག་གི"རེསྷྱསྷྱ"དང་འདྲ་བར་གསོན་ཉམས་མེད་པ་དང་སྐྱེས་སྟོབས་བྲལ་བའི་ཐང་ཆེན་ཞིག་གི་རི་མོ་ཡིད་ལ་ལྷམ་མེར་འཆར་འོང་བས། ལོ་ཙཱའི་མཇུག་འབྲས་ཀྱི་ཐད་ནས་བཤད་ན། མ་ཡིག་གི་བསྟན་དོན་དང་གཞི་གཅིག་ཏུ་བབས་ཏེ་མི་འགལ་བར་མ་ཟད། ཚིག་སྦྱོར་གྱི་ཆ་ནས་འགྱུར་ཡིག་སྔ་མ་ལས་ལྷག་པའི་ཉམས་ཀྱིས་ཕྱུག་སྟེ་ཀློག་པ་པོའི་སྤྲོ་བ་ཆེ་རུ་བསྐྱེད་པའི་ནུས་པ་ཐོན་ཡོད་དོ། །

  གཞན་ཡང་། ལི་ཧྲང་དབྱང་གིས་བརྩམས་པའི་སྙན་ངག《ཆར་རླུང》《༡༿དྱེ》ལས། "ཨཻྃངྔྷཐོཔྲྀངྑེ,羁དྲེ欲ཚིཾརྱཱ。ཧཱུཁྨཚོཾ༡༿དྱེ,པྀབྷྱཻཏྪཥེཎྲཽ。"④ཞེས་པའི་སྙན་ཚིག་འདྲ་བཤུས་འདིར། "རལ་གྲིས་སྙན་རྩོམ་བཀླགས་རྗེས་སྐྱོ་སྣང་སྐྱེས། །ངེས་མེད་གནས་སུ་ཚེ་གང་འཁྱར་བར་མོས། །ཤིང་ལོ་སེར་པོ་ཆར་དང་རླུང་གིས་བརྡུངས། །ཐོག་ཁང་སྔོན་པོར་སྔར་བཞིན་རོལ་དབྱངས་འཁྲོལ། །"⑤ཞེས་པའི་བོད་འགྱུར་བྱུང་ཡོད་པ་འདིར་ང་ཚོས་ཞིབ་ཏུ་བརྟག་ཚེ། སྙན་ངག་པ་ཁོང་ཉིད་ཀྱིས་ཤིང་ལོ་སེར་པོ་དང་ཐོག་ཁང་སྔོན་པོ་གཉིས་ཀྱི་ཁ་དོག་གི་གཤིབ་བསྡུར་བརྒྱུད་ནས། སྐམ་རྙིད་དུ་གྱུར་པའི་ཤིང་ལོ་སེར་པོར་ཆར་རླུང་གིས་གཙེས་པ་དེས། ཁོ་ཉིད་ཚབ་བྱེད་དུ་གྱུར་པའི་སྐབས་དེའི་སྤྱི་ཚོགས་སྟེང་གི་མི་རྣམས་ཀྱི་གནས་བབས་སྡུག་པོ་མཚོན་ཡོད་པ་དང་། ཐོག་ཁང་སྔོན་པོར་སྔར་བཞིན་རོལ་དབྱངས་འཁྲོལ་བཞིན་པ་དེ་ཆེས་ཉམས་ཐག་ཏུ་གྱུར་པའི་མི་རྣམས་ཀྱི་འཚོ་བའི་བདེ་སྡུག་ལ་ཁ་ཡ་མི་བྱེད་པའི་ཕྱུག་པོ་དང་སྐུ་དྲག་རྣམས་ཀྱི་ཚུལ་མིན་གྱི་བྱ་སྤྱོད་ལ་མཚང་འབྱིན་བྱས་པའི་སྒོ་ནས། ཁོང་ཉིད་རྒྱལ་ཁབ་ལ་ལག་རྗེས་འཇོག་འདོད་ཀྱི་བློ་སྤོབས་ཆེ་ཡང་། གོང་ས་ནས་མཐོང་ཆེན་མི་བྱ་བའི་ཁོ་རང་གི་སེམས་ཁོངས་ཀྱི་སྡུག་ཡུས་བརྗོད་པའི་སྙན་ཚིག་འདི་སྙན་རྩོམ་ལེགས་གྲས་སུ་བགྲངས་མི་ཆོག་པ་ཅི་ཡང་མེད་ནའང་། སྙན་ཚིག་འདི་ལས་བྱུང་བའི"པྀབྷྱཻ"ནི་རྒྱའི་བརྡ་རྙིང་དུ་དོན་གཉིས་ལ་འཇུག་པ་ཞིག་སྟེ། སྤྱིར་བཏང་དུ་དེ་ནི་གཞང་འཚོང་མར་གོ་དགོས་ཀྱང་། སྐབས་འགར་ཕྱུག་པོ་དང་སྐུ་དྲག་གི་སྡོད་ཤག་ལའང་གོ་ཚུལ་ཡོད་པར་བརྟེན། གོང་གི་འགྱུར་ཡིག་འདི་རུ་ལོ་ཙཱ་བས་སྐད་ཆའི་གནས་སྐབས་ལ་མ་དམིགས་པར་མཐའ་གཅིག་ཏུ་ཐད་སྒྱུར་གཅིག་པུས་འཐུས་པར་བགྱིས་ཏེ། དེར་མཇུག་མཆན་སོགས་ཅི་ཡང་མ་བཀོད་པ་ནི་མ་ཡིག་ཀློག་མཁན་རྣམས་ཀྱིས་རང་རྩོམ་ཀློག་པ་ཇི་བཞིན་མ་རྩོམ་གྱི་སྒྱུ་རྩལ་ཁྱད་ཆོས་ལ་རོལ་མྱོང་དང་དོན་གྱི་གོ་བ་རྣལ་མ་ཞིག་བསྐྱེད་པར་འགོག་རྐྱེན་ངེས་ཅན་ཞིག་ཐེབས་ཡོད། འདི་ཡང་མཐར་གཏུགས་ན་སྐད་ཆའི་གནས་སྐབས་དང་མ་འབྲེལ་བའི་འགྱུར་སྐྱོན་ཞིག་ཏུ་བགྲངས་དགོས་པར་སེམས།

  མདོར་ན། ཉིགས་མ་ཁེ་ཡིས་སྐད་ཆའི་གནས་སྐབས་ནི་ལོ་ཙཱའི་བྱ་རིམ་དག་ལས་རྒྱུ་རྐྱེན་ཆེས་གལ་ཆེན་ཡིན་ཞེས་གསུངས་པ་ལྟར། སྐད་ཆའི་གནས་སྐབས་དེ་སྐད་ཆའི་འབྲེལ་འདྲིས་ཀྱི་ཁྱབ་ཁོངས་སོ་སོར་ཁྱབ་ཡོད་ཕྱིར། སྐད་ཆའི་འབྲེལ་འདྲིས་ཤིག་ཡོད་ཙ་ན་དམིགས་བསལ་གྱི་སྐད་ཆའི་གནས་སྐབས་ཤིག་རང་ཤུགས་ཀྱིས་གྲུབ་ཡོད། མིང་ཞིག་དོན་གྱི་རྣམ་གྲངས་ཅི་ཙམ་མང་པོར་འཇུག་ཀྱང་ཚིག་སྔ་ཕྱི་དང་སྦྱར་ཡུལ་གྱི་དབང་གིས་བྱེ་བྲག་གི་དོན་གཅིག་གི་སྟེང་དུ་འབེབས་ངེས་པའམ་ཐག་གཅོད་དུ་རུང་བ་གོར་མ་ཆག་པས། ལོ་ཙཱའི་ལས་དོན་ལ་གཞོལ་བའི་མི་སུ་ཞིག་ཡིན་རུང་། སྐད་ཆའི་གནས་སྐབས་དང་འབྲེལ་ནས་མ་ཡིག་གི་དོན་ལ་གོ་བ་ཡང་དག་ཅིག་ལོན་ཚེ། འགྱུར་ཡིག་ལེགས་པོ་ཞིག་ཐོན་ཐུབ་པར་གདོན་མི་ཟ་ཡང་། གལ་ཏེ་དེ་ལས་ལྡོག་ན་འགྱུར་སྐྱོན་འབྱུང་སྲིད་པའང་སྨྲས་མེད་རེད།

   གསུམ་པ། སྐད་ཆའི་མཚོན་ཐབས་ཀྱི་དབང་གིས་ཇི་བཞིན་དུ་བསྒྱུར་མི་ཐུབ་པ།

   སྐད་ཆ་ནི་སྒྱུ་རྩལ་ཞིག་ཡིན་པའི་ཆ་ནས་མི་རིགས་ཅིག་གི་ནང་ཁུལ་གྱི་སྐད་ཆའི་མཚོན་ཐབས་སྣ་གྲངས་མང་བོ་ཡོད་པར་མ་ཟད། མི་རིགས་ཐ་དད་གཉིས་ཀྱི་སྐད་ཆའི་མཚོན་ཐབས་ནི་དེ་ལས་ཀྱང་སྣེ་མང་གཅིག་གྱུར་དང་། འགལ་འགྲེལ་ཅི་རིགས་ཤིག་མཆིས་པ་ནི་བརྗོད་མི་དགོས་པ་ཞིག་རེད། དེ་བས་ང་ཚོས་མི་རིགས་གཉིས་དང་གཉིས་ཡན་གྱི་རིག་གནས་ལོ་ཙཱ་བྱེད་པར་མ་ཡིག་གི་བརྗོད་བྱ་ཇི་བཞིན་སྒྱུར་བྱེད་སྐད་དུ་མཚོན་དཀའ་བའི་བཀག་རྒྱ་བྱུང་བ་ནི་བཤོལ་དུ་མེད་པ་ཞིག་ཡིན་སྟབས། "འགྱུར་རྩོམ་ཚད་ལྡན་ཞིག་ཡིན་ཕྱིན། མ་ཡིག་གི་བརྗོད་དོན་ཇི་བཞིན་དུ་མཚོན་པའི་པར་ཡིག་ལྟ་བུ་ཞིག་དང་། མ་ཡིག་གི་སྒྱུ་རྩལ་ཁྱད་ཆོས་ཇི་བཞིན་དུ་མཚོན་པའི་ཟློས་རྩོམ་ལྟ་བུ་ཞིག་ཡིན། འགྱུར་ཡིག་གི་སྐད་ཆའི་ཁྱད་ཆོས་འབུར་དུ་ཐོན་པའི་རང་རྩོམ་ལྟ་བུ་ཡིན"⑥པའི་ཚད་ལ་སླེབས་པར་བཀག་རྒྱ་ངེས་ཅན་བཟོས་འདུག་པ་སྟེ།

  དཔེར་ན། ང་ཚོའི་བོད་སྐད་དུ་མི་གཤིས་ལེགས་པའི་མི་དེར"ཁོང་ནི་མི་སེམས་བཟང་ཞིག་རེད"ཅེས་དང་། ཡང་ན"ཁོང་ནི་མི་སེམས་དཀར་ཞིག་རེད"ཅེས་པའི་བརྗོད་སྲོལ་ཡོད་པ་འདི་གཉིས་བོད་རང་སྐད་ནས་དོན་མཚུངས་ཀྱང་རྗོད་ཚུལ་མི་འདྲ་བ་གཉིས་ཏེ། སྔ་མས་སེམས་དེ་བཟང་ངན་གཉིས་སུ་ཕྱེ་བ་ལས་བཟང་བོ་ཡིན་པ་བསྟན་ཏེ་རྒྱན་བཀོལ་མེད་པ་དང་། ཕྱི་མ་དེ་ལས་སེམས་ནི་བཟང་ངན་གཉིས་སུ་དབྱེ་ཚུལ་ཡོད་པ་ལས་བཟང་བོ་ཡིན་པ་དེར། དཀར་ནག་གཉིས་ལས་དཀར་པོའི་དཔེ་སྦྱར་ནས་མཚོན་པ་ཡིན་པས། དཔེ་སྔོན་མ་ལས་གཏིང་ཟབ་ཅིང་སྒྱུ་རྩལ་སྣང་བརྙན་གྱི་ཁྱད་ཆོས་ལྡན། ཡིན་ནའང་མི་གཤིས་ལེགས་མིན་ལ་གདེངས་འཇོག་བྱེད་པའི་གོང་གི་ཚིག་འདི་གཉིས་བསྒྱུར་བྱའི་བོད་སྐད་དུ་ཇི་ལྟ་ཇི་ལྟར་ཡོད་པ་སྒྱུར་བྱེད་རྒྱ་ཡིག་ལ་དེ་ལྟ་དེ་ལྟར་སྒྱུར་དཀའ་བ་སྟེ། རྒྱ་ཡིག་ཏུ་དེ་གཉིས་ཀ"ཚྲཱིཥྭོཔྱཻམཱཀྷིལེཾ"ཞེས་བསྒྱུར་བ་ལས་འོས་མེད་པ་འདི་ཡང་མཐར་གཏུགས་ན་སྐད་རིགས་གཅིག་ལ་དོན་སྤྱི་དང་བྱ་དངོས་གང་ཡིན་པ་དེའི་བརྡ་སྤྲོད་པའི་རྣམ་པ་རེ་གཉིས་ཙམ་མ་གཏོགས་མེད་ཀྱང་། སྐད་རིགས་གཞན་ནམ་ཅིག་ཤོས་ལ་དེ་ལས་ལྡོག་སྟེ་བརྡ་སྤྲོད་པའི་ཐབས་ལམ་སྣ་མང་བར་མ་ཟད། དོན་སྤྱི་དང་བྱ་དངོས་གང་ཡིན་པ་དེའི་ཁྱད་པར་མཚོན་ཚུལ་ཕྲ་ཞིང་ཞིབ་པ་ཡོད་པ་ནི། མཐར་གཏུགས་ན་མི་རིགས་གང་ཡིན་པ་དེའི་སྐད་ཆའི་མཚོན་ཐབས་ཀྱི་དབང་གིས་ཡིན་འདུག

  གཞན་ཡང་། 《ཐོག་ཁང་དམར་པོའི་རྨི་ལམ》གྱི་ལེའུ་གསུམ་པར། "སྟྲཱིཾཔྟརྫེངྒཎྱཾཙཻ,ཚུཾཀིངྲྀངྨུབྷྲཱིནྭཱཾ༢༾ལེཾ,མྨིེསྒུཥྱཽཀྵྨ:དྦྷརྐུསྡཙྪུཏྃཔ྄ཎྚོཀྩུཕཱིཀྡཾདྲཱུ,ཊྶཎྲཱྀཎྭཎྚོསྡཕཱིགྷུརྦྦརྒྒཱིཚྪའོ,ཀྵྨཾཔྀགྷུརྦྦརྒྒཱིགྫིཉླྀ,ཛིཾངྲཾཙཽཾགྷུརྦྦརྒྒཱིསྡཔྱཱུགཻཾ。"⑦ངག་དབང་ཆོས་དར་ལགས་ཀྱིས་བསྒྱུར་བའི《ཐོག་ཁང་དམར་པོའི་རྨི་ལམ》གྱི་བོད་འགྱུར་ཏེ། "ཚ་ཐབ་ཐོག་ས་གདན་དམར་པོ་བཏིངས་ཏེ་དཀྱིལ་དུ་གཡུ་འབྲུག་གི་རི་མོ་བཏགས་ཡོད་པའི་མང་གོས་ལས་བཟོས་པའི་ཉལ་གོས་དང་སྔས་མགོ་བཞག་ཡོད།"⑧ ཅེས་པའི་འགྱུར་ཡིག་འདི་ང་ཚོས་གོང་གི་མ་ཡིག་དང་བསྡུར་ནས་དཔྱད་ན། མ་ཡིག་ལས་བྱུང་བའི་ཁ་དོག་གི་མིང་བརྡ"ཀྩུཕཱི"དང"སྡཕཱི"གཉིས་ནི་རྒྱའི་སྐད་དུ་དམར་མདངས་ལ་དྲག་ཞན་ཡོད་པའི་ཁ་དོག་དམར་པའི་མཚོན་ཚུལ་མི་འདྲ་བ་གཉིས་ཡིན་ལ། དེའི་བོད་འགྱུར་དུ་ཁ་དོག་དེ་གཉིས་ཀྱི་དབྱེ་ཁྱད་མ་ཕྱེ་བར་དམར་པོ་གཅིག་པུས་འཐུས་པར་བྱས་ཡོད་པ་དང་། ལྷག་པར་དུ་མ་ཡིག་ལས་བྱུང་བའི"ཀྵྨཾཔྀ"ཞེས་པའི་ཁ་དོག་གི་མིང་བརྡ་འདི་འཕྲི་སྒྱུར་བྱས་ཡོད་པ་ནི་ལོ་ཙཱ་བས་དགོངས་གཞི་ཁྱད་པར་ཅན་ཞིག་ལ་དམིགས་པ་མིན་ཕྱིན། གོང་གི་འགྱུར་ཡིག་འདི་ལས་ནང་དོན་དང་རྣམ་པའི་ཕྱོགས་ཡོངས་ནས་མ་རྩོམ་གྱི་སྒྱུ་རྩལ་མཛེས་པ་དེ་བསྐྱར་མཚོན་བྱ་ཐུབ་མེད། རྒྱུ་མཚན་ནི། ཁ་དོག་གི་མིང་བརྡ་ནི《ཐོག་ཁང་དམར་པོའི་རྨི་ལམ》དུ་མི་སྣའི་བཞིན་རས་ནས་གྱོན་གོས་ཀྱི་ཁ་དོག ཁྱིམ་ཆས་ཀྱི་སྒྲིག་སྟངས་ནས་རང་བྱུང་གི་མཛེས་ལྗོངས་ཞིབ་འབྲི། དུས་བཞིའི་འགྱུར་བག་བརྗོད་པའི་སྙན་ཚིག་ནས་མི་སྣའི་ཡིད་འགྱུར་མཚོན་པ་བཅས་སུ་བཀོལ་རྒྱ་ཆེ་བར་བརྟེན། སྒྲུང་གཏམ་འདིས་ནང་དུ་ཁ་དོག་གི་མིང་བརྡས་གྲངས་གནས་གལ་ཆེན་ཞིག་ཟིན་ཡོད། ལྷག་པར་དུ་གོང་གི་ཚན་བཤུས་འདི་ལས་བྱུང་བའི་ཁ་དོག་གི་མིང་བརྡ་འདི་དག་གིས། ལྷ་ལྕམ་ཝང་ལགས་ཀྱི་སྡོད་ཤག་གི་ཀ་ཅའི་ཁ་དོག་ཞིབ་འབྲི་བྱེད་པ་བརྒྱུད། ཅཱ་ཧྥུའི་ཁྱིམ་རྒྱུད་དེའི་འབྱོར་ཕྱུག་རྒྱས་སྤྲོས་ཀྱི་འཚོ་བ་སྟོན་པའི་དུས་མཚུངས་སུ། བརྩམས་ཆོས་འདིའི་གཏིང་རིམ་གྱི་བརྗོད་བྱའི་བསམ་བློ་ཕྱིར་མཚོན་བྱས་ཡོད་པས། 《ཐོག་ཁང་དམར་པོའི་རྨི་ལམ》ལས་ཁ་དོག་གི་མིང་བརྡའི་བཀོལ་སྟངས་ཁྱད་པར་བ་དེས། ཚའོ་ཞོ་ཆིན་གྱི་ཐུན་མོང་མ་ཡིན་པའི་རྩོམ་རིག་གི་འཇོན་ནུས་མཚོན་གྱི་ཡོད་ཅེས་པའང་གྱ་ཚོམ་དུ་སྨྲས་པ་ཞིག་མིན་པར་སེམས།

  མདོར་ན། འཛམ་གླིང་གི་སྐད་རིགས་གང་ཞིག་ཡིན་རུང་ཚང་མར་ཁ་དོག་མཚོན་པའི་མིང་དང་ཐ་སྙད་ཡོད་ངེས་་་་་་་་ ནའང་། སྐད་རིགས་དེ་སོ་སོའི་སྐད་བརྡའི་མ་ལག་སྟེ་སྐད་ཁོངས་དང་སྐད་རྒྱུད་མི་གཅིག་པ། རིག་གནས་ཀྱི་སྣང་ཚུལ་མི་འདྲ་བའི་དབང་གིས། ཁ་དོག་གི་བེད་སྤྱོད་དང་དེའི་རྣམ་གྲངས་ཀྱང་གཏན་ནས་མི་འདྲ། དེ་བས། མི་རིགས་གང་ཞིག་ཡིན་རུང་ལོ་ཙཱའི་བྱ་བ་རྒྱ་ཆེ་དར་བའི་དུས་སྐབས་སུ། རང་སྐད་དུ་མིང་ཚིག་གིས་མི་འདང་བའི་ཉམས་སྣང་ཞིག་ཅིས་ཀྱང་འཆར་སྲིད་པ་འདི་ནི་མི་རིགས་སོ་སོའི་རིག་གནས་ཀྱི་ཁྱད་པར་གཅིག་པུ་ལས་བྱུང་བ་མ་ཡིན་པར། སྒྱུར་བྱེད་སྐད་གང་ཡིན་པ་དེའི་སྐད་ཆའི་མཚོན་ཐབས་ཕུན་སུམ་ཚོགས་མིན་དང་ལོ་ཙཱ་བའི་རིག་གནས་ཀྱི་ཆུ་ཚད་སོགས་ཀྱི་དབང་གིས་བྱུང་བ་ཞིག་ཡིན་པར་སྙམ་ཡང་བློ་གྲོས་དང་ལྷག་བསམ་གྱིས་ཕྱུག་པ་རྣམས་ཀྱིས་མུ་མཐུད་དུ་དཔྱད་པར་འཚལ་ལོ། །

   མཆན་འགྲེལ།

  ①New Mark, P.Approchesto Translation,Oxford:Press,1982.7.

  ②ཙྭརྨཱབྱཱེཀྛོཔྱ.ཧྲཱུཥྭུཡཻཾཤེཥྭུཤྱེདྷྲིཾ:ཤྱེདྷྲིཾསྱཻཡྭེརྐིཐིཌྭ,2006.252.

  ③བདེ་སྐྱིད་སྒྲོལ་མ། རྒྱ་བོད་རིག་གནས་ཀྱི་ཁྱད་པར་དང་ཡིག་སྒྱུར་སྐོར་གླེང་བ། [J]བོད་ལྗོངས་ཞིབ་འཇུག 2004:(4).

  ④ཌྦཐྭོ钊主པྱ.ཧྲཱུཥྭུ宋ལྗེཀྲྀཌྃལྒེསྩྭེ.ལྱཽམྦྷེམྦྷཱིཌྷེཾ:ཀྺིཎྲྀལེཾནྱཱརྐིཐིཌྭ,2004.341.

  ⑤རྣམ་རྒྱལ་གྱིས་བསྒྱུར། ཐང་རྒྱལ་རབས་ཀྱི་སྙན་ངག་སུམ་བརྒྱ་བ།  ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 1997.282.

  ⑥སངས་རྒྱས། བོད་ཀྱི་ཡིག་སྒྱུར་སྐོར་བཤད་པ་དྲང་སྲོང་དགྱེས་པའི་འབེལ་གཏམ། [J]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། 2003:(1).

  ⑦ཧྲུཀྦོདྡྭེ,ཡཽཀླཱུཾ.ཕཱིབྷྱཻམྲཱི.ཞོཉྪ:ལེཾནྱཱསྱཻཀྤོརྐིཐིཌྭ,2004.18.

  ⑧ཚོའོ་ཞོ་ཆིན་གྱིས་བརྩམས། ངག་དབང་ཆོས་དར་གྱིས་བསྒྱུར། ཐོག་ཁང་དམར་པོའི་རྨི་ལམ།  ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984.75.

 ཤ་བོ་རྡོ་རྗེ།