བྱང་ཆུབ་ལམ་རིམ་ཆེན་མོའི་རྒྱ་འགྱུར་མ་ལས་འཕྲོས་ཏེ་ལོ་ཙཱ་བ་བློ་བཟང་ཆོས་འཕགས་ཀྱི་འགྱུར་སྲོལ་ལ་རགས་ཙམ་དཔྱད་པ།

 བྱང་ཆུབ་ལམ་རིམ་ཆེན་མོའི་རྒྱ་འགྱུར་མ་ལས་འཕྲོས་ཏེ་ལོ་ཙཱ་བ་བློ་བཟང་ཆོས་འཕགས་ཀྱི་འགྱུར་སྲོལ་ལ་རགས་ཙམ་དཔྱད་པ།   དབང་མོ་སྐྱིད།

 (མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ།  མཚོ་སྔོན།   ཟི་ལིང་།   810001)    ནང་དོན་གནད་བསྡུས།  དཔྱད་རྩོམ་འདིའི་ནང་དུ་བོད་རྒྱ་ནང་བསྟན་ལོ་ཙཱའི་ལོ་རྒྱུས་སྟེང་དུ་སྐད་གྲགས་ཆོད་པའི་ལོ་ཙཱ་བ་ཆེན་མོ་བློ་བཟང་ཆོས་འཕགས་ཀྱི་མཛད་རྣམ་མདོར་བསྡུས་དང་། ཁོང་གིས་ལོ་ཙཱ་མཛད་པའི་འགྱུར་གྱི་ཁ་བྱང་དང་ལོ་ཚིགས། བྱང་ཆུབ་ལམ་རིམ་ཆེན་མོ་ལས་འཕྲོས་ཏེ་འགྱུར་གྱི་མི་འདང་བའི་ཆ་འགའ་ཞིག་ལ་དཔྱད་པ་བཅས་ཕྱོགས་གསུམ་གྱི་ཆ་ནས་རང་གི་ལྟ་ཚུལ་བརྗོད་ཡོད།    བརྡ་ཆད་གཙོ་བོ།   བྱང་ཆུབ་ལམ་རིམ།   ལོ་ཙཱ།   བློ་བཟང་ཆོས་འཕགས།  རྒྱ་འགྱུར་མ།   རྩོམ་ཡིག་འབྱོར་ཉིན། 2016-09-03  རྩོམ་པ་པོ་ངོ་སྤྲོད།     དབང་མོ་སྐྱིད།  མོ།  མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ། དཔེ་དེབ་དབྱེ་རྟགས། I299 ཡིག་ཚང་མཚོན་བྱང་།   རྩོམ་ཡིག་སྒྲིག་ཨང་། 1005-2089(2016)04-112-06 དང་པོ། དགེ་བཤེས་བློ་བཟང་ཆོས་འཕགས་ཀྱི་མཛད་རྣམ་མདོར་བསྟན།

   ལོ་ཙཱ་བ་བློ་བཟང་ཆོས་འཕགས་ནི་ཧོ་པེ་ཞིང་ཆེན་ཧྲིན་རྫོང་ཀྲོའུ་པའོ་གྲོང་སྡེ(གཱེཞོཎྭུཊྭིམྲཽ周ཉོལྒུ)རུ་སྤྱི་ལོ1902ལོའི་ཟླ12བའི་ཚེས14ཉིན་འཁྲུངས་ཤིང་།① བྱིས་པའི་དུས་སུ་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ཞན་པས་སློབ་གྲྭ་རུ་ལོ་ངོ་གསུམ་ཙམ་མ་གཏོགས་སློབ་སྦྱོང་འགྲིམས་པའི་སྐལ་བ་མ་བྱུང་། སྐུ་ན་ཕྲ་བའི་དུས་སུ་ལྟོ་གོས་འཚོ་སྒྲུབ་ཀྱི་ཆེད་དུ་པའོ་ཏིང་གྲོང་ཁྱེར(ཇོསྐྱུཙཻ)དུ་ལྷམ་བཟོ་བར་ཕྱིན། ཡིན་ཡང་དུས་ཡུན་རིང་བོར་གཟུགས་པོ་བདེ་ཐང་མ་ཡོང་ལ་སྦྱངས་འབྲས་ཀྱང་ཞན་པས། 1920ལོའི་དཔྱིད་ཀར་འཇམ་པའི་དབྱངས་ཀྱི་གདན་ས་རྒྱ་ནག་རི་བོ་རྩེ་ལྔར་བྲོས་བྱོལ་དུ་ཕེབས་པ་དང་། རུའེ་ཕུའུ་བཙུན་པའི(ཛཻཾཥ྄ཧཱཐྃ)མདུན་སར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། མཚན་ལ་ཧྥ་ཙུན(༡ཏྴི)ཞེས་གསོལ་བ་དང་། བོད་སྐད་དུ་བློ་བཟང་ཆོས་འཕགས་ཞེས་ཀྱང་འབོད། ཁོང་ཉིད་རབ་ཏུ་བྱུང་བའི་ལོ་དེར་དགེ་བཤེས་ཏ་ཡུང(སྡགྨུ༡ཕྭུ1893-1929)②ལགས་ཀྱང་རི་བོ་རྩེ་ལྔར་ཕེབས་ནས《སངས་རྒྱས་བརྒྱད་པའི་མདོ》དང《འདུལ་བ་མདོ་སྡེ》ཡི་དབང་ལུང་གནང་བཞིན་པ་གསན། ལོ་རྗེས་མའི་དབྱར་ཁར་དགེ་བཤེས་ཏ་ཡུང་ལགས་ཡང་བསྐྱར་རི་བོ་རྩེ་ལྔར་ཕེབས་ནས《སངས་རྒྱས་འོད་དཔག་མེད་ཀྱི་མདོའི》ཁྲིད་གནང་བ་ཐོས་བསམ་རྣ་བའི་བདུད་རྩིར་གྱུར་ཏེ། གང་གི་བསྟན་པའི་རྗེས་འཇུག་གི་ལས་ལ་གནད་གཅིག་ཏུ་འབད་པའི་འདུན་མ་བརྟན་པོ་སྐྱེས།

  སྤྱི་ལོ1922ནས1924ལོའི་བར་དགེ་བཤེས་བློ་བཟང་ཆོས་འཕགས་ཝུའུ་ཁྲང་ནང་བསྟན་སློབ་གླིང(ངྱཾགྭ༠༾ཀྤོངྵ)དུ་སློབ་གཉེར་ལ་ཕེབས་ནས་སྔ་གཞུག་ཏུ《མངོན་པ་མཛོད》དང《ཚད་མ་རིག་པ》《སངས་རྒྱས་བསྟན་པའི་ལོ་རྒྱུས》《འཇམ་དབྱངས་ཕར་ཕྱིན》《གསང་སྔགས་གནད》བཅས་ལ་སློབ་གཉེར་མཛད་ནས། སྔགས་རིམ་སློབ་པར་རྨང་གཞི་བརྟན་པོ་བཏིངས། སྤྱི་ལོ1924ལོར་དགེ་བཤེས་ཏ་ཡུང་ལགས་ཀྱིས་པེ་ཅིན་ནས་བོད་ཡིག་སློབ་གླིང(ཞོཉྪཕྲུསྱཻཀྤོངྵ)གསར་འཛུགས་བྱས་པ་དང་། ལོ་དེའི་དབྱར་ཁར་དགེ་བཤེས་བློ་བཟང་ཆོས་འཕགས་ལགས་ཝུའུ་ཁྲང་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་པེ་ཅིན་བོད་ཡིག་སློབ་གླིང་དུ་བོད་ཡིག་སློབ་པར་ཕེབས། 1925ལོར་དགེ་བཤེས་ཏ་ཡུང་ལགས་ཀྱིས་བོད་ཡིག་སློབ་གླིང་གི་སློབ་མ་ཡོངས་ཁྲིད་དེ་དབུས་གཙང་དུ་བོད་བརྒྱུད་ནང་བསྟན་སློབ་པར་བསྐྱོད་འགོ་བརྩམས་པ་དང་། དགེ་བཤེས་བློ་བཟང་ཆོས་འཕགས་ནི་དཔུང་ཁག་དེའི་ནང་གི་མི་སྣ་གཙོ་གྲས་ཡིན། དེ་དུས་ནས་སྤྱི་ལོ1929ལོའི་བར་དགེ་བཤེས་བློ་བཟང་ཆོས་འཕགས་ཀྱིས་སི་ཁྲོན་དཀར་མཛེས་ས་ཆ་ནས་དགེ་བཤེས་ཏ་ཡུང་གི་རྗེས་འབྲངས་ཏེ་གསང་སྔགས་ཀྱི་ལམ་རིམ་སྦྱངས་འགོ་བརྩམས་པ་ཡིན།

  སྤྱི་ལོ1926ལོའི་དཔྱིད་ཀར། དགེ་བཤེས་བློ་བཟང་ཆོས་འཕགས་ཀྱིས་དར་རྩེ་མདོ་ནས་དགེ་བཤེས་ཚི་ཡོན(ལྔེངྺ༡ཕྭུ)བསྟེན་ཏེ་བོད་ཡིག་གི《སུམ་ཅུ་བ》དང《རྟགས་འཇུག》《མངོན་བརྗོད》《དག་ཡིག》སོགས་བོད་ཡིག་ལ་ཐོག་མར་འཇུག་བྱའི་དཔེ་དེབ་སློབ་སྦྱོང་གནང་མཛད་དེ། རིམ་བཞིན་རྗེ་ཙོང་ཁ་བས་ཁྲིད་གནང་མཛད་མྱོང་པའི《དགེ་སློང་གི་བསླབ་བྱ》དང《བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས》《བྱང་ཆུབ་ལམ་རིམ་བསྡུས་པ》སོགས་ནང་བསྟན་གྱི་གཞུང་པོད་དག་སྦྱངས་ནས། བོད་བརྒྱུད་ནང་བསྟན་སློབ་པར་ཐོག་མའི་རྨང་གཞི་བཙུགས། སྤྱི་ལོ1927ནས1930ལོའི་བར་དགེ་བཤེས་བློ་བཟང་ཆོས་འཕགས་ཀྱིས་དཀར་མཛེས་བྲག་དཀར་དགོན་དུ་བྲག་དཀར་སྤྲུལ་སྐུ་བསྟེན་ཏེ། སྔ་རྗེས་སུ《ཚད་མ་ལ་འཇུག་པའི་སྒོ》དང་། 《ཕར་ཕྱིན》《དྲང་ངེས་ལེགས་བཤད་སྙིང་བོ》རྣམས་གསན་གནང་མཛད་པར་མ་ཟད། བྲག་དཀར་སྤྲུལ་སྐུའི་གསུང་འབུམ་དང་རྣམ་ཐར་མང་པོ་ཡང་གསན། དེའི་རྗེས་ཁོང་གིས་མཉམ་མེད་བླ་མ་ཙོང་ཁ་པས་མཛད་པའི《རྟེན་འབྲེལ་བསྟོད་པ》བསྒྱུར་གནང་མཛད་ནས་འགྲེལ་བ་བསྡུས་པ་ཞིག་ཀྱང་བཏབ་པ་དང་། 《རྗེ་ཙོང་ཁ་པའི་རྣམ་ཐར》དང《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར》ནས་བདམས་སྒྱུར་བྱས་ཏེ་རིག་དེབ་སྟེང་དུ་སྤེལ།

  སྤྱི་ལོ1929ལོའི་སྟོན་ཁར་དགེ་བཤེས་ཏ་ཡུང་སྐུ་མྱ་ངན་ལས་འདས་པས། དགེ་བཤེས་བློ་བཟང་ཆོས་འཕགས་ཀྱིས་མྱ་ངན་ཚད་མེད་མཛད་དེ་འདས་མཆོད་སོགས་སྒྲུབ་ཚར་རྗེས། སྤྱི་ལོ1930ལོ་ནས་ཆབ་མདོ་ས་ཆར་ཨ་མདོ་དགེ་བཤེས་བྱ་བའི་རྗེས་འབྲངས་ནས་སློབ་གཉེར་བྱས་འགོ་བརྩམས། སྤྱི་ལོ1931ལོའི་སྟོན་མཇུག་ཏུ་ཨ་མདོ་དགེ་བཤེས་དང་ལྷན་ཏུ་ལྷ་ལྡན་ཞིང་དུ་བསྐྱོད་མགོ་བརྩམས་ཏེ། ལོ་དེའི་དགུན་དུས་སུ་ལྷ་སར་འབྱོར་ནས་འབྲས་སྤུངས་དགོན་དུ་ཚད་ལྡན་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བཞེས་ཏེ་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་སྐོར་ལ་སློབ་གཉེར་མཛད། ཁོང་ཉིད་ལྷ་ལྡན་འབྲས་སྤུངས་དགོན་པར་བཞུགས་པའི་ལོ་གསུམ་གྱི་རིང་ལ། 《བྱང་ཆུབ་ལམ་རིམ་ཆེན་མོ》དང《སྔགས་རིམ་ཆེན་མོ》《སྔགས་ལམ་གྱི་རིམ་པ་ལྔ》《དབུ་མ་ལ་འཇུག་པ》སོགས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པར་མ་ཟད། 《བྱང་ཆུབ་ལམ་རིམ་ཆེན་མོ》ཐོག་མར་རྒྱ་ཡིག་ཏུ་ལོ་ཙཱ་མཛད། སྤྱི་ལོ1933ལོའི་དགུན་དུས་སུ་ཁོང་ཉིད་ཁྲུང་ཆིན་རྒྱ་བོད་ནང་བསྟན་གཞུང་ལུགས་གླིང(ཋྩུངིཾའྭོེཕྲུཀྟིྈྐངྵ)གི་ལས་གཞིའི་ཆེད་དུ་ལྷ་ས་དང་བྲལ་དགོས་བྱུང་བས། རྒྱ་གར་བརྒྱུད་མཚོ་ལམ་སྤྱད་དེ་ཕྱིར་རྒྱ་ནང་དུ་ལོག

  སྤྱི་ལོ1934ལོ་ནས1949ལོའི་བར་ནི་དགེ་བཤེས་བློ་བཟང་ཆོས་འཕགས་ལགས་ཁྲུང་ཆིན་རྒྱ་བོད་ནང་བསྟན་གཞུང་ལུགས་གླིང་གི་དགེ་རྒན་དུ་བཞུགས་ཏེ་འཆད་རྩོད་རྩོམ་པའི་འབྲས་བུ་གཡུར་ཟ་ཐོབ་པའི་དུས་ཡུན་གལ་ཆེན་ཞིག་ཡིན་ལ། དེའི་རིང་ལ་ཁོང་ཉིད་ཀྱིས་རྒྱ་བོད་ནང་བསྟན་གྱི་སློབ་མ་མང་པོར་ཚན་རིག་གི་ཤེས་བྱ་དང་སངས་རྒྱས་བསྟན་པའི་ཆོས་ཁྲིད་གྱ་ནོམ་པ་གནང་བར་མ་ཟད། ཁོང་རང་ཉིད་ཀྱིས་ཀྱང་ནུས་པ་ཅི་ལྕོགས་ཀྱིས་རྒྱ་ནང་གི་བསྟན་པ་སླར་གསོའི་ཆེད་དུ་རྗེ་ཙོང་ཁ་བའི《བྱང་ཆུབ་ལམ་རིམ་ཆེན་མོ》དང《སྔགས་རིམ་ཆེན་མོ》གཙོ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་མདོ་སྔགས་བསྟན་པའི་གཞུང་ལུགས་མང་བོ་ཞིག་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་དང་། ཁོང་ཉིད་ལྷ་ལྡན་ཞིང་དུ་འགྲིམས་པའི་མཐོང་ཐོས་མྱོང་ཚོར་དངོས་ལས《དེང་རབས་བོད་ལྗོངས》དང《བོད་ལྗོངས་མི་རིགས་ཆོས་སྲིད་ལོ་རྒྱུས》སོགས་ཀྱང་གསར་རྩོམ་གནང་། ད་དུང་བོད་བརྒྱུད་ནང་བསྟན་ལ་བསྒྱུར་མེད་པའི《བྱེ་བྲག་བཤད་མཛོད་ཆེན་མོའི》ལེའུ་ཉིས་བརྒྱ་ལྷག་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་སོགས་དམ་པའི་མཛད་འཕྲིན་ཤ་སྟག་བསྐྱངས།

  ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྲུང་གོ་གུང་ཁྲན་ཏང་གིས་ཆོས་ལུགས་གནད་དོན་ལ་མཐོང་ཆེན་བྱས་སྟབས། དགེ་བཤེས་བློ་བཟང་ཆོས་འཕགས་ལགས་ཀྱང་སྤྱི་ལོ1950ལོར་པེ་ཅིན་དུ་ཕེབས་ནས་རྒྱལ་ཁབ་མི་རིགས་དང་ཆོས་ལུགས་ཨུ་ཡོན་ཚོགས་པར་ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཡིག་ཆ་དང་མི་རིགས་ཆོས་ལུགས་སྲིད་ཇུས་སྐོར་གྱི་ལས་དོན་གཉེར། དེའི་རྗེས་མི་རིགས་པར་སྐྲུན་ཁང་དུ་ཕྱག་ལས་གནང་ནས་སྤྱི་ལོ1955ལོའི་བར་བཞུགས། སྤྱི་ལོ1956ལོར་ཁོང་ཉིད་ཀྲུང་གོ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པར་བསྐོས་ཏེ་ནང་བསྟན་རིག་པའི་སློབ་ཁྲིད་གནངས། རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་དགེ་བཤེས་བློ་བཟང་ཆོས་འཕགས་ལགས་ཀྱང་གྲལ་རིམ་འཐབ་རྩོད་བྱ་ཡུལ་དུ་བཞག་ནས་མནར་གཅོད་མི་ཉུང་བ་བཏང་བ་དང་། སྤྱི་ལོ1972ལོར་ད་བཟོད་དཀར་འདོན་བྱས། ཡིན་ཡང་དུས་ཡུན་འདི་དག་གི་རིང་ལ་ཁོང་གིས་དཀའ་བ་སྟོང་ཕྲག་སྤྱད་ནས་རྒྱ་བོད་རིག་གནས་བརྗེ་རེས་དང་ནང་བསྟན་རིག་གནས་བསྐྱར་གསོའི་ཆེད་དུ་དུས་ཚོད་སྐད་ཅིག་ཙམ་ཡང་ཆུད་ཟོས་སུ་བཏང་མ་མྱོང་། མཐར་སྐྱེས་བུ་ཆེན་པོ་དེ་སྤྱི་ལོ1980ལོའི་ཟླ12བའི་ཚེས14ཉིན་དགོངས་པ་ཆོས་དབྱིངས་སུ་འཐིམས།

   གཉིས་པ། དགེ་བཤེས་བློ་བཟང་ཆོས་འཕགས་ཀྱི་རྒྱ་བོད་ལོ་ཙཱའི་ཐད་ཀྱི་ཕྱག་རྗེས་དང་འགྱུར་བྱང་གི་སྐོར།

   དགེ་བཤེས་བློ་བཟང་ཆོས་འཕགས་ལགས་ཀྱིས་སྐུ་ན་ཕྲ་དུས་ནས་བཟུང་འདུལ་བའི་བསླབ་ཁྲིམས་བརྟན་པོར་སྲུང་ཞིང་། རིག་པའི་གནས་ཐམས་ཅད་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པ་དང་། སྔ་ཕྱིར་རྒྱ་བོད་ཚད་ལྡན་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བཞེས་ཏེ། ཐུན་མོང་རིག་པའི་གནས་སྤྱི་དང་། ཐུན་མོང་མ་ཡིན་པའི་གསང་བ་སྔགས་ཀྱི་དབང་ལུང་སོགས་ལ་སྦྱངས་པ་རྒྱ་ཆེར་མཛད་ནས་མཆོག་གྱུར་མཁྱེན་མཛངས་ཀྱི་དམ་པའི་མཛད་འཕྲིན་ཤ་སྟག་བསྐྱངས་ནས་རྒྱ་བོད་རིག་གནས་བརྗེ་རེས་དང་། ནང་སྒོས་སུ་རྒྱ་བོད་ནང་བསྟན་རིག་གནས་བརྗེ་རེས་ཐད་ལ་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། དེ་ཡང་ཁོང་གིས་ལོ་ཙཱ་མཛད་པའི་བསྟན་བཅོས་མང་ཆེ་བ་ནི་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན། དབུས་འགྱུར་ལྷ་ལྡན་གྱི་གྲྭ་ས་ཆེན་མོ་ཁག་ནས་གཞུང་བཀའ་པོད་རྣམས་ལ་སློབ་གཉེར་མཐིལ་ཕྱིན་མཛད་པས་བོད་བརྒྱུད་ནང་བསྟན་གྱི་གཞུང་གི་གོ་རྒྱ་གཅོད་པར་ཆེས་མཁས་ཤིང་། བོད་ཡིག་གི་ཆུ་ཚད་ཧ་ཅང་ལེགས་པས། ཁོས་བསྒྱུར་བའི་བསྟན་བཅོས་རྣམས་ནི་ཚིག་དོན་གཉིས་ཆ་ནས་བོད་ཡིག་བསྟན་བཅོས་ཀྱི་མ་ཡིག་ཇི་མ་ཇི་བཞིན་བསྟན་ཡོད་པས། ཧ་ལམ་བོད་རྒྱ་ནང་བསྟན་ལོ་ཙཱའི་ལོ་རྒྱུས་སྟེང་ཆེས་ཕུལ་དུ་བྱུང་བའི་ལོ་ཙཱ་བ་དེ་ཡིན་པར་ངེས། ཁོང་གི་ལོ་ཙཱའི་བརྩམས་ཆོས་མང་ཆེ་བ་ནི་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་ཡིན། དེ་ནི་རྒྱ་བརྒྱུད་ནང་བསྟན་གྱི་གཞུང་མཛོད་ཁྲོད་དུ་བཀའ་འགྱུར་གྱི་སྐོར་ཕལ་ཆེར་ཆ་ཚང་བསྒྱུར་ཡོད་ཀྱང་བསྟན་འགྱུར་གྱི་སྐོར་མང་བོ་འགྱུར་མེད་པས་དེར་ཁ་སྐོང་འདོད་པ་དེ་རེད། དེ་ལ་རྒྱ་བརྒྱུད་ནང་བསྟན་ནང་དུ་ཕྱོགས་གླང་ཡབ་སྲས་ནས་རྒྱ་གར་པཎ་གྲུབ་རྣམས་ཀྱིས་མཛད་པའི་ཚད་མའི་སྐོར་གྱི་བསྟན་བཅོས་རྣམས་བསྒྱུར་མེད་པས། ཁོང་གིས《ཚད་མ་ཀུན་བཏུས》དང《ཚད་མ་རྣམ་འགྲེལ》སོགས་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་དང་། ཡབ་རྗེ་བླ་མ་ཙོང་ཁ་བས་མཛད་པའི་དགོངས་པ་རབ་གསལ་སོགས་གསུང་འབུམ་རྣམས་སུ་རྒྱ་གར་གྱི་དབུ་མ་ཐལ་འགྱུར་བའི་སློབ་དཔོན་ཟླ་གྲགས་ཀྱི་དབུ་མ་འཇུག་པའི་བསྟན་བཅོས་ཀྱི་དགོངས་དོན་གསལ་བར་བཀྲལ་བ་དེ་ཉིད་དུས་ཕྱིས་དགེ་ལུགས་པའི་ལྟ་གྲུབ་གཙོ་བོར་ཆགས་ཡོད་པ་གང་ཞིག་རྒྱའི་ནང་བསྟན་དུ་ཤིན་ཏུ་ནས་ཆད་པས། དབུ་མ་འཇུག་པ་དང་། དགོངས་པ་རབ་གསལ། དྲང་ངེས་ལེགས་བཤད་སྙིང་པོ་སོགས་དབུ་མའི་བསྟན་བཅོས་ཁག་ཅིག་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར། གཞན་དུ་བྱམས་ཆོས་ཀྱི་སྐོར་རྣམས་རྒྱའི་ཡིག་ཆར་མེད་པས་མངོན་རྟོགས་རྒྱན་སོགས་བྱམས་ཆོས་རྣམས་རྒྱ་ཡིག་ཏུ་བསྒྱུར། རྒྱའི་ནང་བསྟན་དུ་ནང་བསྟན་དོན་གཉེར་གྱི་ལམ་གྱི་རིམ་པའི་སྐོར་ཧ་ལམ་མེད་པས། དེ་དག་གལ་ཆེན་དུ་མཐོང་ནས《ལམ་རིམ་ཆེན་མོ》དང《སྔགས་རིམ་ཆེན་མོ》《སྔགས་རིམ་ལམ་ལྔ》སོགས་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར། གཞན་ཡང་རྒྱའི་འགྱུར་བྱང་ན་མེད་པ་མང་བོ་ཞིག་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར། བཅིངས་འགྲོལ་བཏང་ཚུན། རྒྱལ་ཁབ་ཀྱི་ཡིག་ཆ་དྲིལ་བསྒྲགས་ཀྱི་དགོས་དབང་གིས་སྤྱི་ཚོགས་དང་ཆབ་སྲིད་སྐོར་གྱི་ཡིག་ཆ་ཁག་ཅིག་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཡོད། དེ་དག་ནི། 《མི་དམངས་དམངས་གཙོའི་སྒེར་གཅོད་གླེང་བ》 《སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས》 《གསར་བརྗེ་ལས་བྱེད་པའི་ཀློག་དེབ》 《བོད་ཡིག་ཚིག་མཛོད》སོགས་ཡིན། ཁོང་གིས་བསྒྱུར་གནང་མཛད་པའི་འགྱུར་བྱང་གི་སྐོར་ལ། བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་དག་བོད་རྒྱ་ཤན་སྦྱར་གྱི་བཀོད་པ་གཤམ་གསལ་ལྟར།

 མ་ཡིགའགྱུར་ཡིགབརྩམས་ལོ། རྟེན་འགྲེལ་བསྟོད་པ།ངྥནྡིངྻོ1930  རྟེན་འབྲེལ་བསྟོད་པའི་འགྲེལ་ཆུང་།ངྥནྡིངྻོརྞཱཁྭཾ1930 བྱང་ཆུབ་ལམ་གྱི་རིམ་པར་གཏན་དུ་འཇུག་པའི་གདམས་ངགཡ྄ཡྱཱསྙུལྦེསྒྱེཁཱིཀྷུཀྟིཕྭཾ1930 〖BH〗

རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་རྣམ་ཐར།ཏྞབྷཾབེསྡཕྭུརྣོ1930 ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར།ཁརྒྱེཡྲཻཏྴིཉྻུརྣོ1930 བྱང་ཆུབ་ལམ་རིམ་བསྡུས་པ།ཡ྄ཡྱཱསྙུལྦེསྒྱེལྀྃ1934 བྱང་ཆུབ་ལམ་རིམ་བསྡུས་པའི་འགྲེལ་ཆུང་།ཡ྄ཡྱཱསྙུལྦེསྒྱེལྀྃརྞཱགྶ1934བྱང་ཆུབ་ལམ་རིམ་བསྡུས་པའི་འགྲེལ་བ།ཡ྄ཡྱཱསྙུལྦེསྒྱེལྀྃཁྭཾརྷྱ1934བདེ་བ་ཅན་དུ་སྐྱེས་པའི་སྨོན་ལམ།སྱེཎྚཾ༼ཁ༽ངྺསྱཻ1934 བོད་བརྒྱུད་ལུགས་ཀྱི་བྱམས་པ་སྒྲུབ་ཐབས།ཊྲེཕྲུརྣོཁྲཱྀཎྚྀཀྷུ༡1935 འཕོ་བའི་སྒྲུབ་ཐབས།ཙཱཾཉྱེཥྭིརྷྱཀྷུ༡1935 བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད།ཡ྄དཻཾགྒེདྷྷཁྭཾ1935 བྱང་ཆུབ་ལམ་རིམ་ཆེན་མོ།ཡ྄ཡྱཱསྙུལྦེསྒྱེཌོརྷྱ1935 བྱང་ཆུབ་སྔགས་རིམ་ཆེན་མོ།པྲཱྀཏྞསྙུལྦེསྒྱེཌོརྷྱ1935 བྱང་ཆུབ་ལམ་གྱི་རིམ་པ་སྒོམ་ཐབས།ཡ྄ཡྱཱསྙུལྦེསྒྱེཀྷུ༡1935 དྲང་ངེས་ལེགས་བཤད་སྙིང་བོ།ཁྱེདྨཱཏྲེདྨཱགྕངྃནྱུཕྲུརྷྱ1936 དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་འགྲེལ།ཁྱེདྨཱཏྲེདྨཱགྕརྷྱཁྭཾཔཱ1936ས་ལམ།རྨྱེསྙུཝྲྀགྷཱེ1936 བསྟན་བཅོས་མངོན་པར་རྟོགས་པའི་རྒྱན།ཕྲཽཎེཎྵཀྩོོརྷྱཇིཌཻཾཔྲརྔྷཔྲཱྀ༠ཀྟིཕྭཾརྷྱ1936 ཆོས་དང་ཆོས་ཉིད་རྣམ་འབྱེད།ཁྱེ༡༡ཀྣུརྷྱ1936 མངོན་རྟོགས་རྒྱན་འགྲེལ་ཆུང་།ཕྲཽཎེཎྵཀྩོོརྷྱརྞཱཁྭཾ1936 དགེ་ཚུལ་གྱི་བསླབ་གཞིའི་འགྲེལ་ཆུང་།ཏཽཾཁྲཱྀཀྤོརྔོརྞཱཁྭཾ1936 བདེ་སྨོན་ཀློག་སྟངས།སྱེཎྚཾངྺསྱཻཀྟུཝྲི༡1938 ལྷ་བའི་རྒྱན།ཊྶྈྐཎྵཀྩོོརྷྱ1938 སྟོང་ཉིད་བདུན་ཅུ།ལྀྃཧྲེཾཪྦཀྣུརྷྱ1939 ཞིབ་མོ་རྣམ་འཐགཉྩེཀྪོོཉྫིརྷྱ1939 མནྡྲལ་མཆོད་པ།ཀེཾསྚཱུལྭཱིརྔྷསྱཻ1939 བྱང་ཆུབ་ལམ་རིམ་སྒོམ་ཐབས་ཟིན་བྲིས།ཡ྄ཡྱཱསྙུལྦེསྒྱེཀྷུ༡མུགྱྀ1939སྔགས་རིམ་ཆེན་མོ།པྲཱྀཏྞསྙུལྦེསྒྱེཌོརྷྱ1939 དགེ་སློང་གི་བསླབ་བྱ།苾ཤྞཀྤོརྔོ1939 གོང་ས་བཅུ་གསུམ་པ་ཆེན་པོ་དགོངས་རྫོགས་སྔོན་དུ་

བོད་སྐྱ་སེར་དཔོན་གཡོག་རྣམས་ལ་བསྩལ་བའི་ཡི་གེཧྲེཾཡཻཾནྭོསྒཧྣཋཽཊྲེཕྲུཋེནྱཱཋཱཾ1940  རྟེན་འབྲེལ་བསྟོད་པའི་འགྲེལ་བ།ངྥནྡིངྻོཁྭཾ1940 དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ།ཁཻཾཋྞརྷྱངྃནྲཽཔྲཱྀགྐཉཱཾ1942 བྱང་ཆུབ་ལམ་རིམ་བསྡུས་པ།ཡ྄ཡྱཱསྙུལྦེསྒྱེརྞཱརྷྱ1942 བྱང་ཆུབ་ལམ་རིམ་བསྡུས་པའི་ཞི་ལྷག་གི་ལེའུ།ཡ྄ཡྱཱསྙུལྦེསྒྱེརྞཱརྷྱཊྐཻཎེཛྙཽ1942 བྱང་ཆུབ་ལམ་གྱི་རིམ་པའི་ཁྲོད་ཀྱི་གཞིའི་ས་བཅད།ཡ྄ཡྱཱསྙུལྦེསྒྱེཋྞངུཛྷདྷ1942 བྱང་སེམས་སྒྲུབ་ཐུབས་ཀྱི་མན་ངག་བདུནཀྷུཡ྄ཡྱཱཀྷིལྀྃགྕརྷྱ1943 བྱེ་བྲག་བཤད་མཛོད་ཆེན་མོ།སྡཌྐཱྀཋ྄ཏཽཾརྷྱ1946 དགེ་བཤེས་ཤེས་རབ་རྒྱ་མཚོའི་ཤིས་ཚིགཙྲཻདེཾདྱཾལྤུསྡཕྭུཌྒྀལྗེ1953 སྟོང་ཉི་བདུན་ཅུ་བའི་བསྡུས་དོན།ལྀྃཧྲེཾཪྦཀྣུརྷྱཛྷལྀྃ1955 རྗེ་ཙོང་ཁ་བའི་བསྟོད་པ།ཏྞབྷཾབེསྡཕྭུངྻོ1958 དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད།ཐཾཊྲེཡིཾཚྩུཕྲུསྱཻལྒེསྩྭེ(འྭོེསྱཻཌྜཾགྶ)1958 བཞི་བརྒྱ་བ།ཏྲཤེརྷྱ1960 དབུ་མ་ལ་འཇུག་པའི་འགྲེལ་ཆུང་།ཁཻཾཋྞརྷྱརྞཱགྶ1960 མངོན་པ་མཛོད་འགྲེལ་བ་བསྡུས་པ།ནྡོཀོོྃརྞཱགྶ1960 སྐྱབས་འགྲོ་སེམས་བསྐྱེད།ངྲཱཀྟུཡཻཾཐོཉྫི1962 དེབ་ཐེར་དཀར་པོ།རེཡྭེ1963 བྱང་ཆུབ་ལམ་གྱི་སྒྲོན་མེ།ཡ྄ཡྱཱསྙུསྩུརྷྱ1978 ཚད་མ་རྣམ་འགྲེལ།ཁྭཾངྔྷཻརྷྱ1979 ཚད་མ་ཀུན་བཏུས།དྱིངྔྷཻརྷྱ1979

    གསུམ་པ། འགྱུར་གྱི་མི་འདང་ས།

   1.ས་མིང་དང་མི་མིང་སྐོར།

  ལར་མིའི་མིང་བསྒྱུར་སྐབས་རྒྱ་གར་གྱི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ཐོགས་མེད་ཡབ་སྲས་སོགས་ཤིང་རྟ་ཆེན་པོ་རྣམས་ལ་རྒྱ་ཡིག་ཏུ"བྷཱིཔྲཱི(བྷཱིཝྱ)"དང"སྱཽ著"ཞེས་སོགས་དོན་སྒྱུར་བྱས་པ་རྒྱུན་འབྱམས་སུ་སོང་ཡོད་མོད། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་མིང་ལ་དོན་སྒྱུར་བྱས་ཚེ་ཀློག་པ་པོས་ངོས་འཛིན་དཀའ་ཞིང་གོ་མི་བདེ་བ་ཞིག་ཏུ་མ་ཆགས་རང་ཆགས་རེད། ལོ་ཙཱ་བ་བློ་བཟང་ཆོས་འཕགས་ལགས་ཀྱིས་བསྒྱུར་བའི་བྱང་ཆུབ་ལམ་རིམ་ཆེན་མོ་ཡང་དེའི་ཐད་ཀྱི་འགྱུར་སྐྱོན་ངེས་ཅན་འདུག་སྙམ་སྟེ། འགྱུར་དེར། "ནྡྲཾཛོཾཙྩཾགྚེཐོཛྲཽགྜཕྭུ、རྨྨཱལྷུགྜཕྭུ、ཉྱཱུཏྴིཋྩུཡ྄ཡྱཱཋོ。ཞཱིཕྲུཙྩཾགྚེཪྞིཐཾཛྭཱུནྱིསླྀརྞབེཉྱཱུཥྭི。རྔྷཚྥཙྩཾགྚེམྔབེནྭུཔྱཻནྱིངྃདཱོ。ཙྩརྨྱེཙྩཾགྚེསྡཀྼྀདྻུཊྭཾ、ཁཧྣཾཌཻཾཕྭུ、ཊྛཾཏཱཾགྷུནཽམྔསྒ༢བེ。ཋྞཕྲུཙྩཾགྚེརྞ、ནྡྲཾ、ཋྶཡཻཾ。"③ཞེས་པ་ཞིག་བྱུང་བ་དེའི་བོད་ཡིག་གི་མ་ཡིག་ནི། "མངའ་རིས་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙཱ་བ། ལྷ་བླ་མ་བྱང་ཆུབ་འོད། གཙང་ནས་འགར་དགེ་བ་དང་འགོས་ཁུག་པ་ལྷས་བཙས། ལྷོ་བྲག་ནས་ཆག་པ་ཁྲི་མཆོག་དང་དགེ་བ་སྐྱོང་། ཁམས་ནས་རྣལ་འབྱོར་ཆེན་པོ། དགོན་པ་བ། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ། དབུས་ནས་ཁུ་རྔོག་འབྲོམ་གསུམ་བྱུང་ངོ་། །"④ཞེས་པ་དེ་ཡིན། འགྱུར་དེའི་ནང་དུ་ལོ་ཆེན་རིན་ཆེན་བཟང་པོར"ཐོཛྲཽ"ཞེས་དང་། ལྷ་བླ་མ་བྱང་ཆུབ་འོད་ལ"ཉྱཱུཏྴིཋྩུཡ྄ཡྱཱཋོ"ཞེས་པ། དགེ་བ་སྐྱོང་ལ"ངྃདཱོ"ཞེས་པ་བཅས་ནི་དོན་སྒྱུར་བྱས་འདུག་པ་དང་། ནག་ཚོ་ལོ་ཙཱ་པ་དང་ཕྱག་དར་སྟོན་པ་གཉིས་ལ"རྨྨཱལྷུགྜཕྭུདངམྔསྒ༢བེ"ཞེས་སྒྲ་སྒྱུར་བྱས་ཅིང་། འགོས་ཁུག་པ་ལྷས་བཙས་དང་ཆག་པ་ཁྲི་མཆོག་གཉིས་ལ"སླྀརྞབེཉྱཱུཥྭི"དང"མྔབེནྭུཔྱཻ"ཞེས་སྒྲ་སྒྱུར་དང་དོན་སྒྱུར་གཉིས་ཟུང་སྦྲེལ་བྱས་འདུག སྐད་ཆ་དུམ་མཚམས་གཅིག་གི་ནང་དུ་མིའི་མིང་ཁོ་ན་བསྒྱུར་བར་སྒྱུར་སྟངས་རྣམ་པ་གསུམ་བཀོལ་བ་འདི་འདྲ་ནི་ཤིན་ཏུ་མི་རིགས་པར་སེམས་ཏེ། ཀློག་པ་པོ་ལ་ལས་དང་པོ་འཇུག་མཁན་ཤིག་གིས་བལྟས་ན། མི་མིང་དེ་དག་ནི་སུ་དང་གང་སྟོན་གྱིན་ཡོད་པ་ཡེ་ནས་ཤེས་མི་ཐུབ་པས། མ་ཡིག་ལ་ཡིག་འབྲུ་ནག་འདེད་བྱས་ནས་བཙལ་རྒྱུ་ལས་འོས་མེད་པ་ཆགས་ཡོང་། དེ་ལྟར་དུ་བསྒྱུར་བ་ལས་ལོ་ཆེན་རིན་བཟང་ལ"སྡགྜཕྭུརེཾརྡྷེཤཻཾཀྲི"དང་། ལྷ་བླ་མ་བྱང་ཆུབ་འོད་ལ"ཉྱཱུསླཾལྒྷཥྠཾཡིཾབྱཽ"ཞེས་བསྒྱུར་ན་ལུགས་དང་མཐུན་ཞིང་ཀུན་གྱིས་གོ་བདེ་བ་ཞིག་ཏུ་ཅིའི་མི་འགྱུར། གཞན་ཡང་ས་མིང་ཐད་མངའ་རིས་ལ"ནྡྲཾཛོཾ"ཞེས་བསྒྱུར་བ་ནི་འོས་འཚམས་མིན་པར་སེམས་ཏེ། ཡོན་རྒྱལ་རབས་ཙམ་ནས་བཟུང་རྒྱའི་ཡིག་ཆ་རྣམས་སུ་མངའ་རིས་སྐོར་གསུམ་ལ"ཁཀྵྨཡཻཾཥྚྲི"ཞེས་རྒྱུན་ཆགས་སུ་སོང་ཡོད་པས། དེ་ཉིད་སོར་བཞག་གིས་བེད་སྤྱོད་བཏང་ན་ལེགས་སྙམ། གཞན་དུ་ཡང་འགྱུར་དེར་རྒྱ་བོད་མཁས་གྲུབ་རྣམས་ཀྱི་མཚན་བསྒྱུར་སྐབས་དང་དོད་བྱས་པ་མི་འདང་བ་ཁ་ཤས་མཆིས་ཏེ། དཔེར་ན། རྣལ་འབྱོར་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་ཞལ་ནས། ཞེས་པར་འགྱུར་ཡིག་ཏུ། "སྡཀྼྀདྻུཕྭུཡ྄ཡྱཱཐོ༼ཐ༽"⑤ཞེས་དོན་སྒྱུར་བྱས་ཡོད་པས་གོ་མི་བདེ། དེ་ལས"སྡཀྼྀདྻུཕྭུཥྠཾཡིཾརེཾཔྀ"ཞེས་བསྒྱུར་ན་འོས་འཚམས་སུ་མཐོང་།

  2.ནང་དོན་འཛོལ་བའི་སྐོར།

  གཞུང་དེའི་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ལེའུ་རུ། དཀྱུ་ས་གཞན་དུ་བསྟན་ནས། རྒྱུག་ས་གཞན་དུ་བྱེད་ན་བཞད་གད་དུ་འགྱུར་བ་ལྟར། ཐོས་བསམ་གྱིས་གཞན་ཞིག་གཏན་ལ་ཕབ་ནས་སྒྲུབ་པ་ན་གཞན་ཞིག་བསྒྲུབ་ཏུ་ག་ལ་རུང་།  ཞེས་པར་འགྱུར་ཡིག་ཏུ།  "ཌཻཾཏྒྷ示རྨྱེཥྭོལྟེནྡྷཱརྔོ༔ལྲཾཀྵྨཱིཾནྡྷཱཉྻུ,སྐྱུཚྭོཀྡཕྭོ。ནྷུཛྷོཧྱཻསྱུཔྼཙྨུལྟེཕྭོ,ཌཻཾཀྷུཀྞུཐྭེཀྷུཀྞུཏྒྷཀྵྨཱིཾ。"⑥ཞེས་བྱུང་བ་དེའི"ལྟེནྡྷཱརྔོ"ཞེས་པ"ཚྲཱིནྡྷཱརྔོ"ཡིན་དགོས། ལོ་ཙཱ་བ་ཆེན་པོ་ཁོང་ལྟ་བུ་ནི་ཚིག་དེའི་དོན་ལ་གོ་བ་ཡང་དག་ལེན་མི་ཐུབ་མཁན་ཞིག་ཅིས་ནས་ཀྱང་ཡིན་མི་སྲིད་མོད། ཐུགས་མཉམ་མ་བཞག་པར་བྲིས་ནོར་ཤོར་བ་ངེས་པར་ཡིན་སྲིད། ཡང་ལམ་རིམ་ཆེན་མོར། ཁྱད་པར་དུ་བཅས་པའི་མཚམས་ལས་མི་འདའ་བར་དམ་ཚིག་ཚུལ་བཞིན་དུ་སྲུང་བའང་། ཞེས་བྱུང་བ་དེ་འགྱུར་ཡིག་ཏུ། "ཙྱཱངྻོཥོཾྈྐདཱོཡཻཾགྲཱཁྞ,ཏྲེངྑིཊྚཾཥྲཽ。"⑦ཞེས་བསྒྱུར་འདུག་པ་ལས། བཅས་མཚམས་ཞེས་པ"ཊྚཾཥྲཽ"ལ་བསྒྱུར་ན་ཅུང་མི་འཚམས་པར་མཐོང་སྟེ། བཅས་མཚམས་ཀྱི་དོན་ནི་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པའམ་བསླབ་ཁྲིམས་ལ་གོ་བས"ཉྪུགྒེ"ཞེས་པར་བསྒྱུར་ན་ཅུང་འཚམས། ཡང་མ་ཡིག་ནང་དུ"རྩ་འགྲེལ་དམར་ཤིག་ཤིག་པ་ལྟ་མི་དགོས་པས"ཞེས་པ་རྒྱ་ཡིག་ཏུ"ཏྲེཎྡ༠མྨིེཕཱིཕཱིངུཁྭཾ"ཞེས་བསྒྱུར་པ་ནི་མ་ཡིག་ནང་དོན་མ་རྟོགས་པའི་་ སྐྱོན་ཏེ། ངེས་པར"སྱཽཀྜེཌྲཻམྨིེཆྭིཧྭདྦྷུཥྚོཾསྦུངུཁྭཾ"ཞེས་བསྒྱུར་ན་འོས་འཚམས་ཡིན་པར་འདོད།⑧ གཞན་དུའང་། "བེའུ་བུམ"ཞེས་པ"ཐོང྄རྷྱ"ལ་བསྒྱུར་བ་སོགས་རྒྱུན་ཤེས་རང་བཞིན་གྱི་ནོར་འཛོལ་ཁ་ཤས་ཀྱང་འདུག

  3.ཆད་ལུས་བྱུང་བའི་སྐོར།

  ལོ་ཙཱ་བ་ཁོང་གིས་ལམ་རིམ་ཆེན་མོ་ཐོག་མར་བསྒྱུར་སྐབས་ཀྱི་ཡིག་གཟུགས་ནི་རྒྱའི་གནའ་ཡིག་ཡིན། རྗེས་སུ2012ལོའི་ཟླ7པར། དེང་མི་རྣམས་ལ་གོ་བདེ་ཕྱིར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དེང་རབས་རྒྱ་ཡིག་གི་ལམ་ནས་ཡང་བསྐྱར་པར་དུ་བཏབ། སྔར་གྱི་གནའ་ཡིག་དེ་རུ། རྒྱ་ཡིག་གི་བརྡ་ཆད་ཁ་ཤས་སྔ་གཞུག་ཏུ་གཟུགས་མི་འདྲ་བར་བྱུང་བ་ཁ་ཤས་བྱུང་། དེ་དག་ནི། རྒྱའི་ཡི་གེ"ཀླཱྀགྒྲི"དང"གྒྲིཀླཱྀ"དང"སྱུཊྱོ"དང"སྱུཎྱོ"དང"པླུཙྨུ"དང"པྼཙྨུ"དང"ཕྭོཀྟི"དང"ཕྭོཁཉྞིཏྭཱཾ"དང"ཥྭཾནྭུངྻོ"དང"གྭེནྭུངྻོ"རྣམས་ཡིག་ཆ་གོང་འོག་ཏུ་མི་འདྲ་བ་བྱུང་ཡོད་པ་ཀུན་ལ་གསལ། གཞན་དུའང་། མ་ཡིག་ཁྲོད་ཀྱི"ཕར་ཕྱིན་བསྡུས་པ་ལས་ཀྱང་། །འདོད་པ་དེ་དག་ཐོབ་པ་དང་། །ཉིན་གཅིག་བཞིན་དུ་བསྟེན་པ་དང་། །མང་དུ་བསགས་པས་མི་ངོམས་ན། །དེ་ལས་ནད་ཆེ་གང་ཞིག་ཡོད། །"ཅེས་པ་དང་། "ཁ་ཏོན་ངན་པ་ཉམས་སུ་བླང་བ་དང་།" ཞེས་པ་སོགས་ཚིག་དུམ་ཁ་ཤས་འགྱུར་ཡིག་ཏུ་ཆད་ལུས་བྱུང་ནས་ཡིག་སྒྱུར་མཛད་མེད་པར། 2012ལོར་ད་གཟོད་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་དཔར་ཐེངས་དང་པོའི་ནང་ཁ་སྐོང་མཛད་པ་རེད།

   མཆན་འགྲེལ།

  ①ྈྑཐྃཏུཾ.༡ཏྴི༡ཕྭུཕྲཽསྒེཋྞཛྭ༠༾ཀྟིཡྭེཏྃསྦུརྨྱེཔྱཻ[J].གཱཉྪཀྙཎྵཀྤོངྵཀྤོནོ.2010.

  ②ྈྑབྷྱཧླཱུ.༡ཏྴི༡ཕྭུཁུཾངྭཱའྭོེཕྲུ༠༾ཀྟིཁྲུཾཕླཱྀ》ཎྲཱྀསྦུསིཾབྲཽ.ཊྲེཞོནྱཱཏྚིསྡཀྤོཀྵྱཡྭེསྱཻཎཱོཀྤོངྵ,2009.

  ③⑤⑥⑦⑧ཏྞབྷཾབེ著,༡ཏྴིགྜ.ཡ྄ཡྱཱསྙུལྦེསྒྱེཌོརྷྱ.པྀཆྭེལེཾནྱཱརྐིཐིཌྭ,4,6,7,3,1.

  ④རྗེ་ཙོང་ཁ་བ་བློ་བཟང་གྲགས་པ། བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ། ། .མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014:10.

དབང་མོ་སྐྱིད།