ཞིང་ཆེན་ས་གནས་ཁྲལ་དོན་ཅུའུ།

  ལས་འགན་གཙོ་བོ།

  རྒྱལ་ཁབ་དང་འབྲེལ་བའི་ཁྲལ་བསྡུའི་སྒྲིག་སྲོལ་དང་སྲིད་ཇུས་ལག་ལེན་མཐའ་ཕྱིན་བྱེད་པར་སྒྲུབ་པ་དང་། རང་ཞིང་ས་གནས་རང་བཞིན་གྱི་ཁྲལ་བསྡུའི་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་བྱེད་པ་དང་གཅིག

  ཞིང་ཆེན་ཡོངས་ཀྱི་ཆེ་མཐོང་གི་དཔལ་འབྱོར་སྲིད་ཇུས་ཞིབ་འཇུག་ཏུ་ཞུགས་པ་དང་། ཁྲལ་བསྡུའི་ཐད་ནས་དཔལ་འབྱོར་ཚོད་འཛིན་གྱི་བསམ་འཆར་དང་གྲོས་གཞི་འདོན་པ་བཅས་གཉིས།

  ཁྲལ་ཁུངས་བརྟག་དཔྱད་རྩ་འཛུགས་བྱས་ནས་དར་སྤེལ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁྲལ་བསྡུའི་ཁྲོད་ཡུན་རིང་འཆར་གཞི་དང་ལོ་འཁོར་འཆར་གཞི་འགོད་པ་དང་གསུམ།

  ས་གནས་ཁྲལ་བསྡུ་བསྡུ་བའི་དོ་དམ་བྱ་ཐབས་གཏན་འབེབས་དང་། ས་གནས་ཁྲལ་བསྡུ་བསྡུ་བའི་དོ་དམ་ལམ་ལུགས་བཅོས་བསྒྱུར་སྐུལ་འདེད་གཏོང་བ་དང་བཞི།

  ཞིང་ཆེན་ཡོངས་ཀྱི་ས་གནས་ཁྲལ་བསྡུ་རྩ་འཛུགས་ལག་བསྟར་བྱེད་པ་དང་། ཐེབས་རྩ་དང་གཏན་འབེབས་རིན་དོད་འབྲེལ་བའི་གཞུང་བསྡུ་དོ་དམ་ལམ་ལུགས་བཅོས་བསྒྱུར་སྐུལ་འདེད་གཏོང་བ་དང་ལྔ།

  རྒྱལ་ཁབ་ཁྲལ་བསྡུའི་ཁྲིམས་ཡིག་དང་། ཁྲིམས་སྲོལ་གྱི་ལག་ལེན་མཐར་ཕྱིན་སྒྲུབ་པའི་གནས་ཚུལ་ལྟ་ཞིབ་བྱེད་པ་དང་། དེ་སྒྲུབ་པའི་གོ་རིམ་ཁྲོད་ཀྱི་སྤྱིར་བཏང་རང་བཞིན་གྱི་ཁྲལ་བསྡུའི་སྲིད་ཇུས་དང་གཞུང་བསྡུ་དོ་དམ་དབང་ཚད་སྒྲུབ་པར་གསལ་བཤད་བྱེད་པ་དང་། ཁྲལ་ཁྲིམས་དང་ཁྲལ་བསྡུའི་ལག་ལེན་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་པ་དང་དྲུག

  ཞིང་ཆེན་ཡོངས་ཀྱི་ས་ཁྲལ་མ་ལག་ཞིབ་བཤེར་བྱ་བར་མཛུབ་སྟོན་དོ་དམ་བྱེད་པ་དང་། གལ་ཆེན་ཁྲལ་ཁུངས་དང་ཞིང་ཆེན་རིམ་པའི་ས་གནས་ཁྲལ་བསྡུའི་ཡོང་སྒོ་ཞིབ་བཤེར་དང་གལ་ཆེའི་ཁྲལ་དོན་གྱི་ཞིབ་བཤེར་བྱ་བར་འགན་འཁུར་པ་དང་བདུན།

  ཞིང་ཆེན་ཡོངས་ཀྱི་ས་གནས་ཁྲལ་དོན་མ་ལག་ལག་ལེན་དྲང་འཕྱང་དོ་དམ་དང་། ལས་བྱེད་དོ་དམ་དབང་ཚད་ལྟར་དུ་མ་ལག་ནང་ཁུལ་གྱི་གོ་གནས་གཞོན་པའི་ཡན་གྱི་འགོ་ཁྲིད་ལས་བྱེད་དོ་དམ་དང་། འབྲེལ་ཡོད་གཏན་འཁེལ་ལྟར་དུ་རང་གི་མ་ལག་གི་མི་དོན་བྱ་བར་དོ་དམ་དང་། འབྲེལ་ཡོད་སྡེ་ཁག་གི་ལས་ཁུངས་སྒྲིག་གཞི་དོ་དམ་སྙོམ་སྒྲིག་དང་། རང་གི་མ་ལག་གི་ནོར་སྲིད་གྲོན་དངུལ་དང་། རྒྱལ་ཁབ་ལ་དབང་བའི་མ་རྩ། དམག་ཆས། གཞི་རྩའི་འཛུགས་སྐྲུན་བཅས་ཀྱི་བྱ་བར་དོ་དམ་དང་། རང་མ་ལག་གི་ལས་བྱེད་ལས་བཟོ་སློབ་གསོ་གསོ་སྐྱོང་སྦྱོང་བརྡར་དང་། བསམ་བློ་ཆབ་སྲིད་བྱ་བ་དང་དཔུང་སྡེ་འཛུགས་སྐྲུན་བཅས་ལ་དོ་དམ་དང་བརྒྱད།

  ཁྲལ་བསྡུ་དྲིལ་བསྒྲགས་དང་གཞུང་ལུགས་ཞིབ་འཇུག་ལ་རྩ་འཛུགས་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁྲལ་དོན་མ་ལག་གྱི་སྲིད་འཛིན་ལག་ལེན་ལྟ་ཞིབ་དང་། སྲིད་འཛིན་བསྐྱར་གྲོས་དང་གཏུག་བཤེར་བྱ་བ། འཕྲིན་ཡིག་དང་བཀའ་འདྲི་དང་ལེན་བྱེད་པ། ཁྲིམས་དང་སྒྲིག་ལམ་ལ་འགལ་བའི་གྱོད་དོན་ཞིབ་རྩད་ཆོད་པ་བཅས་ལ་འགན་འཁུར་པ་དང་དགུ

  ཁྲལ་དོན་ཆེན་མོའི་དོ་དམ་མིང་འགོད་ཞིང་ཆེན་དང་རྒྱལ་ཁབ་ཁྲལ་དོན་ཅུའུ་ནས་གཅིག་གྱུར་གྱིས་འགན་འཁུར་རྩ་འཛུགས་ལག་བསྟར་བྱེད་པ་དང་། ཁྲལ་དོན་ལས་ཚབ་ལས་རིགས་ཚད་ལྡན་དུ་གཏོང་བ་དང་བཅུ།

  ཞིང་ཆེན་ཡོངས་ཀྱི་ས་གནས་ཁྲལ་དོན་མ་ལག་གྱི་རྒྱལ་སྤྱིའི་ཁྲལ་བསྡུ་དང་ཁྲལ་བསྡུའི་ཐད་ཀྱི་ཕྱི་ཕྱོགས་བྱ་བར་བརྗེ་རེས་བྱེད་པའི་དོ་དམ་དང་བཅུ་གཅིག

      ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་སྤྲད་པའི་དོན་ཚན་གཞན་དག་བསྒྲུབ་པ་དང་བཅུ་གཉིས