ཀོ་ཤར་ཐོན་ལེགས་བྱུང་བ།

 
 
      མི་དམངས་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ཀོ་ཤ་བཏབ་ནས་གནད་སྨིན་དབུལ་སྐྱོར་དུད་ཚང་ལ་འབབ་འཕར་ཡོང་བ་བྱས་པ་དང་ཉེ་དུས་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་གི་ཀོ་ཤར་ཐོན་ལེགས་བྱུང་སྟེ་ཁྱོན་རྒྱ་མ་360ཙམ་བསྡུས་པ་དང་རྒྱ་མ་རེར་ཁྲོམ་རའི་རིན་གོང་སྒོར་260ལ་བརྩིས་ན་ཡོང་འབབ་སྒོར་ཁྲི་9ལས་བརྒལ་རྒྱུ་ཡིན་ཞིང་། གོང་གི་པར་རིས་ནི་གྲོང་མིས་བཏུས་མ་ཐག་པའི་ཀོ་ཤ་སྟོན་བཞིན་པ།