ཆབ་མདོའི་མངའ་ཁོངས་ཀྱི་རྫ་ཆུའི་ཆུ་ལམ་བཅོས་སྒྲིག་ལས་གཞི་མཇུག་སྒྲིལ་བ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་མངའ་ཁོངས་ཀྱི་རྫ་ཆུའི་ཆུ་ལམ་བཅོས་སྒྲིག་ལས་གཞི་ཕྱོགས་ཡོངས་ནས་ལས་མཇུག་སྒྲིལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཞི་དེ་ན་ནིང་སྤྱི་ཟླ6པར་ལས་འགོ་ཚུགས་པ་དང་། ཁ་རུབ་ཆུས་དང་བྲག་གཡབ་རྫོང་གི་འགོག་སྲུང་དུམ་བུ་གཉིས་དང་འབྲེལ་ཡོད། སྤྱིའི་རིང་ཚད་ལ་སྤྱི་ལེ8.9ཡོད་པར་མ་དངུལ་སྒོར་ཁྲི་ཚོ8280བཏང་པ་རེད། ལས་གཞི་དེ་སྐྲུན་རྗེས་བྲག་གཡབ་རྫོང་མཁར་སྒང་ཤང་སྲིད་གཞུང་དང་སློབ་གྲྭ། གྲོང་ཚོའི་ཨུ་ཡོན་ལྷན་ཁང་བཅས་དང་། ཁ་རུབ་ཆུས་འགུ་རོ་གྲོང་རྡལ་སྲིད་གཞུང་སོགས་ལ་འགན་སྲུང་བྱས་ནས་གྲོང་མི་དུད་ཚང730ཡི་མི་གྲངས14000དང་། ས་ཞིང་མུའུ5700འགོག་སྲུང་ཐུབ་པ་རེད། །